中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ལོ་རྒྱུས། >
༄༅།། གཡས་རུ་ཐབ་ཆེན་ཚང་།
དུས་ཚོད།2016-08-24 15:34:48     རྩོམ་གྱི་ཡོང་ཁུངས། ཉན་ཤུལ་འཇམ་དབྱངས་གྲགས་པའི་གསུང་།    ཆུང་། | འབྲིང་། | ཆེ།
   གཡས་རུ་ཞེས་པའི་ས་མིང་ནི། སྔར་རྒྱལ་བ་སྐལ་བཟང་རྒྱ་མཚོས་བཏགས་པ་ཞིག་ཡིན་ནམ་སྙམ། མགར་ཐར་དགོན་པའི་རུ་ལག་ཡིན་པས་སོ།། དེ་ཡང་སྔ་མོ་ཞིག་ནས་ཡོད་པའི་ཤ་འུ་གཤིས་པའི་ཁྱིམ་རྙིང་ཞིག་གི་གྲས་ཤིག་ཡིན། རྒྱལ་བ་སྐལ་བཟང་རྒྱ་མཚོ་ཁྱིམ་དུ་གདན་དྲངས་མྱོང་བའི་སྦྱིན་བདག་གི་གཙོ་བོའི་གྲས་ཡིན་པའི་ཁྱིམ་ཚང་གསུམ་ལ་ཐབ་ཆེན་ཞེས་མཚན་གནང་བའི་དུད་ཚང་གསུམ་ཡོད་དེ། མར་མཛོ་ཐབ་ཆེན་དང་། གསུང་གནང་ཐབ་ཆེན། གཡས་རུ་ཐབ་ཆེན་བཅས་གསུམ་ཡོད་པའི་གྲས་ཡིན། ད་ལྟ་མར་མཛོ་ཐབ་ཆེན་ལ་རྒྱལ་བ་སྐལ་བཟང་རྒྱ་མཚོས་ཕྱག་བཏབ་པའི་ཐུགས་རྗེ་ཆེན་པོ། འཇམ་དབྱངས། ཕྱག་རྡོར་གསུམ་ཡོད་པའི་སྨན་སྐུ་མཐོ་གང་ཕྱེད་ཙམ་ཡོད་པ་ཞིག་དང་། གོང་མའི་ལག་ཁྱེར་དངུལ་གྱི་བྱང་བུ་བཅས་གནང་འདུག་པ་ཉེ་ཆར་བདག་གིས་མཇལ། ཐབ་ཆེན་གཞན་གཉིས་ལ་དེ་ལྟར་གནང་ཡོད་མེད་མ་ཤེས། སྤྱི་ལོ༡༩༥༠སྐོར་ལ་གཡས་རུ་ཐབས་ཆེན་ཚང་གི་གཞི་ཐོག་ཏུ་མིང་སྲིང་གཉིས་ཡོད་པ་མིང་པོ་མགར་ཐར་དགོན་གྱི་ཁྲི་པ་རྣམ་རྒྱལ་ཞེས་པ་དང་། སྲིང་མོ་ལྷ་ཁོ་ཟེར་བ་གཉིས་ཡོད་པར། སྲིང་མོ་ལ་བུ་མགར་ཐར་དགོན་གྱི་གྲྭ་པ་བདེ་སྐྱིད་བཀྲ་ཤིས་ཞེས་པ་སྤྱི་ལོ༢༠༡༤ལོ་བར་དུ་བཞུགས་པ་དེ་དང་། དེའི་གཅུང་པོ་བསྟན་འཕེལ་ཉི་མ་ཞེས་པ་སྔར་མགར་ཐར་ཕྱོགས་སུ་ཡོད་པར་ཐོས་ཀྱང་རྒྱུད་ཅི་ལྟར་ཡོད་མེད་མ་ཤེས་ལ། མཐར་ཁྱིམ་གཞིས་སྟོང་པར་གྱུར་ཏོ།། འོན་ཀྱང་སྔར་གྱི་ཁྱིམ་གཞིས་རྙིང་པ་ཡིན་པ་ཐོས་ཀྱང་རྒྱུད་ཅི་ལྟར་ཡོད་མེད་མ་ཤེས་ལ། མཐར་ཁྱིམ་གཞིས་སྟོང་པར་གྱུར་ཏོ།། འོན་ཀྱང་སྔར་གྱི་ཁྱིམ་གཞིས་རྙིང་པ་ཡིན་ཕྱིར་ཉེ་རྒྱུད་ནི་ཤ་འུ་གཤིས་དང་། མགར་ཐར། མཁར་དམར་སོགས་གང་སར་མང་བར་གནས་ཡོད་པ་ཡིན་ནོ།། གཡས་རུ་བའི་ཁྱིམ་མཚེས་འདྲ་པ་ཚང་ཟེར་བ་ཞིག་སླེབས་ནས་མགར་ཐར་དགོན་པའི་ས་ཞིང་བླངས་ཏེ་སྤྱི་ལོ༡༩༣༠སྐོར་ཞིག་ལ་དེར་གནས་བཅས་པ་ཨ་ཕྱུག་ཚེ་རིང་ཞེས་པའི་གྲྭ་པ་ཞིག་ཀ་བཞི་དགོན་པར་ཞུགས། དེའི་སྤུན་འོད་ཟེར་ཞེས་པས་གཞི་བཟུང་། དེའི་བུ་རྒྱུད་དེ་བུ་བུ་མོ་འགའ་བྱུང་བའི་རྒྱུད་རྣམས་ད་ལྟ་ལུང་པ་དེར་གནས་བཅས་ཡོད་ཅིང་དེའི་རྒྱུད་གྲྭ་གུ་རུ་ཉི་སོགས་སོ།། ལུང་པ་དེའི་གཞི་བདག་ནི་ཐོར་ཡོར་རྡོ་རྗེ་བཙན་རྒོད་དང་ཡ་རྫི་བཙན་རྒོད་སོགས་ཡིན་ནོ།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།