中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཡུལ་སྐོར་སྐྱེ་ཁམས། >
༄༅།། བོད་རང་སྐྱོང་ལྗོངས་མངའ་ཁོངས་ཀྱི་ཆེས་ཆེ་བའི་མ་ཎི་རྡོ་འབུམ།
དུས་ཚོད།2017-12-29 09:17:13     རྩོམ་གྱི་ཡོང་ཁུངས། ཁམས་པའི་བོད་ཡིག་དྲ་བ།    ཆུང་། | འབྲིང་། | ཆེ།
\
བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྡེ་ཚན་གྱིས་ངོ་སྤྲོད་ལྟར་ན། བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ཉི་མ་ཤང་དུ་ཡོད་པའི་མ་ཎི་རྡོ་འབུམ་ནི་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་རྡོ་འབུམ་ཆེས་ཆེ་བ་ཡིན་ཞིང་། ལོ་བརྒྱ་ཕྲག་དུ་མར་ཕར་འགྲོ་ཚར་འོང་གི་མི་རྣམས་ཀྱིས་རྒྱུན་ཆད་མེད་པར་ཁ་སྣོན་བརྒྱབ་མཐར། ད་ལྟའི་མ་ཎི་རྡོ་འབུམ་དུང་ཕྱུར་གཉིས་ལྷག་ཙམ་ཡོད་པའི་ཚུལ་འདི་བྱུང་བ་རེད།
\
མ་ཎི་རྡོ་འབུམ་ནི་ཁ་དོག་སྣ་ཚོགས་ཀྱི་རྡོ་སྤུངས་པ་ལས་གྲུབ་ཅིང་། རྡོའི་ཆེ་ཆུང་དང་དབྱིབས། རྡོའི་རྒྱུ་སོགས་འདྲ་མིན་སྣ་ཚོགས་འདུས། དང་ཐོག་སྤུངས་པའི་མ་ཎི་རྡོ་འབུམ་ནི་དེ་འདྲའི་ཆེ་རྒྱུ་མེད་ན་ཡང་། མཐོ་སྒང་དུ་འཚོ་བའི་བོད་མི་རྣམས་ཀྱི་གོམས་སྲོལ་ལྟར་ན། ལམ་ཁར་ཡོད་པའི་མ་ཎི་རྡོ་འབུམ་བརྒྱུད་ནས་འགྲོ་དུས་ཁ་ནས་མ་ཎི་བཟློ་བཞིན་བསྐོར་བ་གཅིག་བརྒྱབ་ཁར། སྔར་གྱི་རྡོ་འབུམ་གྱི་སྟེང་དུ་རྡོ་འཇོག་པའི་སྲོལ་ཡོད་པས། དེ་ལྟར་ཉིན་ནས་ཟླ། ཟླ་ནས་ལོ་བྱས་ཏེ་གཅིག་ཐོག་གཅིག་ལ་སྤུངས་བའི་དུས་ཡུན་རིང་བོ་ཞིག་འདས་རྗེས། རྡོ་འབུམ་གྱི་རྒྱ་ཁྱོན་རང་བཞིན་གྱིས་ཆེན་པོར་གྱུར། སྤྱིར་བཏང་མ་ཎི་རྡོ་འབུམ་གྱི་སྟེང་དུ་བཀོད་པའི་ནང་དོན་དེ་དག་ཚང་མ་ནང་པའི་ཆོས་ལུགས་ཏེ། བཀའ་ཆོས་ཀྱི་སྐོར་མང་ན་ཡང་། མང་ཆེ་བ་མ་ཎི་ཡིག་དྲུག་བརྐོས་པའི་རྡོ་འབུམ་ཡིན་ལ། གཞན་ད་དུང་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་ཀྱི་ཡི་གེ་དང་། སྐུ་འདྲ་སོགས་ནང་དོན་ཕུན་སུམ་ཚོགས་པ་མཆིས་སོ།།
 རྩོམ་སྒྲིག་པ། ལྷ་ཁོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།