中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཡུལ་སྐོར་སྐྱེ་ཁམས། >
༄༅།། རྒྱ་ནག་གི་ནང་བའི་གནས་རི་རི་བོ་གྲུ་འཛིན།
དུས་ཚོད།2018-03-09 09:31:53     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།     ཆུང་། | འབྲིང་། | ཆེ།
\
        འཛམ་གླིང་གི་ནང་བསྟན་གནས་རི་གྲགས་ཅན་ལས་རྒྱ་ནག་ཏུ་ཡོད་པའི་ནང་བསྟན་གནས་རི་གྲགས་ཅན་བཞིའི་ཡ་གྱལ་རི་བོ་རྩེ་ལྔའི་སྐོར་གོང་དུ་བཤད་ཟིན་ཅིང་། འདིར་བརྗོད་པར་བྱ་བ་ནི་རི་བོ་གྲུ་འཛིན(ཀྲེ་ཅང་ཞིང་ཆེན་དུ་ཡོད)ནམ་རྒྱ་གར་བས་རི་བོ་པོ་ཏ་ལ་ཞེས་འབོད་པའི་སྐོར་ཡིན་པ་དང་། རི་བོ་འདི་ནི་སྟོན་པ་ཤཱཀྱ་ཐུབ་པས་འཕགས་པ་སྤྱན་རས་གཟིགས་ཀྱི་གནས་རི་ཡིན་པར་ལུང་བསྟན་ཡོད། སྔོན་གནས་འདིར་རྒྱ་གར་གྱི་གྲུབ་ཆེན་ཞིག་ཡུན་རིང་སྒྲུབ་པ་ལ་གནས་མཐར་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་དངོས་སུ་མཇལ་བ་ནས་བཟུང་རྒྱ་ནག་པ་རྣམས་ཀྱིས་གནས་དེར་འཕགས་པ་སྤྱན་རས་གཟིགས་དངོས་སུ་བཞུགས་པའི་གནས་ཉིད་དུ་ངོས་བཟུང་བ་དང་། རྒྱལ་རབས་སོ་སོའི་རིང་ལ་གནས་དེར་དགེ་འདུན་པའི་སྡེ་བཙུགས་ཤིང་རྟེན་མང་དུ་བཞེངས།
        གནས་འདི་ནི་རྒྱ་ནག་གི་ལྷོ་ཕྱོགས་མཐའི་རྒྱ་མཚོའི་གླིང་གི་གླིང་ཕྲན་ཞིག་ཡིན་ཕྱིན་ཕྱོགས་བཞི་རྒྱ་མཚོས་ཡོངས་སུ་བསྐོར་བ་དང་། བྲག་ཆུ་ཤིང་གསུམ་འཛོམས་པའི་ཉམས་དགའ་བའི་གནས་མཆོག་དེའི་ཕྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ13ལྷག་ཡོད་པའི་རྒྱ་མཚོའི་གླིང་ཕྲན་ཞིག་ཡིན། ད་དུང་མི་རྣམས་ཀྱིས་འདི་ལ་མཚོ་གླིང་ཆོས་ཀྱི་ཞིང་ཁམས་ཞེས་ཀྱང་འབོད། ད་ཆ་གནས་འདིར་དགོན་པ82ཡོད་པ་དང་དགེ་འདུན་པ་བཞི་སྟོང་ལྷག་ཡོད་པ་དང་། སྤྱན་རས་གཟིགས་བཞེངས་སྐབས་ཀྱི་སྐུ་སོགས་རྟེན་གྱི་གཙོ་བོའང་མང་དུ་ཡོད་པར་བཤད།། 
རྩོམ་སྒྲིག་པ།  རྡོ་རྗེ་བཀྲ་ཤིས། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།