中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཡུལ་སྐོར་སྐྱེ་ཁམས། >
༄༅།། འབྲུག་ཆུའི་འཚེམ་དྲུབ།
དུས་ཚོད།2022-02-28 17:41:48     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   འབྲུག་ཆུའི་འཚེམ་དྲུབ་ཅེས་པ་དེ་ནི་འབྲུག་ཆུའི་མངའ་ཁོངས་ཡོངས་སུ་རྒྱ་ཁྱབ་ངང་དར་བ་དང་། འབྲུག་ཆུའི་མི་རིགས་ཁག་གི་སྲོལ་རྒྱུན་གྱོན་ཆས་བཟོ་རྩལ་ལས་མེད་དུ་མི་རུང་བའི་རྩལ་ནུས་སུ་གྱུར་ལ། དེ་ནི་ལྷམ་དང་ཞྭ་མོ། གྱོན་ཆས་སོགས་འཚོ་བའི་མཁོ་ཆས་སུ་སྤྱོད་པའི་རྒྱན་རིས་ཡིན། འབྲུག་ཆུའི་མི་རིགས་ཀྱི་གྱོན་ཆས་ཐོན་རྫས་ཁྱད་མཚར་སྤུས་ལེགས་དང་། དེའི་མེ་ཏོག་གི་མཐའ་རྒྱན་དང་ཐིག་རིས་མང་ཆེ་ཤོས་ནི་འབྲུག་ཆུའི་གཙགས་དྲུབ་ལག་ཤེས་བཟོ་རྩལ་ལས་གྲུབ་པ་ཞིག་རེད།
   \
\
\\
   ངག་རྒྱུན་དུ་གནའ་སྔ་མོའི་དུས་སུ། འབྲུག་ཆུའི་དྲོད་རྒྱུད་དུ་འཚོ་བ་རོལ་བའི་བུད་མེད་རྣམས་ཀྱིས་རྨ་བྱ་དང་གསེར་བྱ། ཤྭ་བ། མེ་ཏོག འབྲོང་སིལ། འཇའ་ཚོན་སོགས་རང་བྱུང་ཡུལ་ལྗོངས་ལ་ཧ་ཅང་ཡག་སྣང་དུ་མཐོང་སྟེ། རང་ཉིད་ལ་མཛེས་རྒྱན་སྤྲས་ཆེད་དེ་དག་གི་རི་མོའི་ལམ་ནས་ལད་འབྲི་བྱས་ཏེ་རང་གི་གྱོན་ཆས་སུ་འཚེམ་དྲུབ་བྱས་མཐར། རིམ་བཞིན་འབྲུག་ཆུའི་གནའ་བོའི་འཚེམ་དྲུབ་ཀྱི་ལག་རྩལ་དུ་རྒྱུད་ཆགས་པ་རེད། ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་འཕེལ་རྒྱས་རིམ་འགྱུར་གྱི་གོ་རིམ་ཁྲོད། འབྲུག་ཆུའི་འཚེམ་དྲུབ་ལག་རྩལ་དེས་མི་རིགས་ཀྱི་ཁྱད་དུ་ཐོན་པའི་ཉམས་འགྱུར་དང་ལག་རྩལ་རྒྱུན་འཛིན་བྱེད་པའི་དུས་མཚུངས་སུ་སྔོན་ཐོན་གྱི་རིག་གནས་གཞན་དག་ཀྱང་བསྡུ་ལེན་བྱས་ཏེ། སྒྱུ་རྩལ་རིག་གནས་སྣ་མང་གི་་གཞི་རྟེན་ཞིག་ཏུ་གྱུར་ནས་སྒྱུ་རྩལ་དང་རིག་གནས་ཀྱི་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད།
   \\
   འཚེམ་དྲུབ་བཟོ་རྩལ་སྤྱིར་བཏང་ནི་སྲིང་བལ་ལམ་ཡང་ན་དར་སྐུད་ཀྱིས་སྐུད་པ་ཕྲ་མོ་བཟོས་ཏེ་མདོག་ལྔ་དང་བཅུ་བསྒྱུར་རྗེས། རས་དཀར་པོའམ་རས་སྔོན་པོའི་སྟེང་འཚེམ་ཁབ་ཀྱིས་རི་མོ་སྣ་ཚོགས་འཚེམ་དྲུབ་བྱས་པ་རེད། དེང་སྐབས་སྐུད་པ་མདོག་བདུན་ཅན་དང་དར་སྐུད། ནེ་ལུན་སྐུད་པ། གསེར་སྐུད་དང་དངུལ་སྐུད་སོགས་རྒྱུ་ཆ་མཉམ་བསྲེས་ཀྱིས་འཚེམ་དྲུབ་བྱེད་བཞིན་ཡོད། འཚེམ་དྲུབ་དེ་མི་རིགས་ཀྱི་གྱོན་ཆས་སུ་མང་བར་སྤྱོད་པ་ལས་གཞན། བུ་མོ་ཚོ་རྒྱུན་དུ་འཐག་ཐོག་རྟེན་འབྲེལ་ཡི་གེ་དང་བརྩེ་དུང་ལེགས་བཤད། ངང་སེར། སྙིང་།  སྐྱ་ཀའམ་ཡང་ན་དམངས་ཁྲོད་ཀྱི་གཏམ་རྒྱུད་རི་མོ་སོགས་འཚེམ་དྲུབ་བྱས། རང་གིས་དངོས་སུ་འཚེམ་དྲུབ་བྱས་པའི་ལྷམ་གདན་དང་ལག་བཟོས་སྒྱུ་རྩལ་གཞན་པ་སེམས་ཀྱི་མཛའ་བོར་སྟེར་ནས་དྲན་རྟེན་དུ་འཇོག ཚེམ་དྲུབ་ཐོག་བཀྲ་ཤིས་པའི་ཚིག་གམ་རི་མོ་ཆེད་དུ་འཚེམ་དྲུབ་བྱས་ནས་སྐུ་མགྲོན་རྩ་ཆེན་ལའང་འབུལ་ཆོག
 
   \\
   འབྲུག་ཆུ་རྫོང་དུ་དར་ཁྱབ་ཆེ་བའི་འཚེམ་དྲུབ་ལ་བརྒྱ་ཕྲག་ལྷག་ཡོད། རྒྱུན་པར་དབྱེ་ན་སྲོག་ཆགས་དང་རྩི་ཤིང་། གདོད་མིའི་དད་པའི་རི་མོ། ཆོས་ལུགས་དངོས་རྫས། དབྱིབས་གཟུགས་རྒྱན་རིས་སོགས་རིགས་ཆེན་པོ་ལྔ་ནི་འབྲུག་ཆུའི་རིག་གནས་སྒྱུ་རྩལ་གྱི་མཚོན་ཚུལ་གལ་ཆེན་ཞིག་དང་ གྲུབ་ཆ་ཞིག་ཡིན་པས། མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་དང་མཛེས་དཔྱོད་རིག་པའི་རིན་ཐང་ཅུང་མཐོ་བ་རེད། འབྲུག་ཆུའི་འཚེམ་དྲུབ་རྙོག་འཛིང་ཆེ་ཞིང་སྣ་མང་ཡིན་པས། བུད་མེད་རྣམས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་དང་། ས་གནས་དེ་གའི་བུད་མེད་ཚོའི་“ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན”དུ་གྱུར། འཚེམ་དྲུབ་ལག་རྩལ་གྱི་མཐོ་དམན་ནི་སྤྱིར་བཏང་དུ་བུད་མེད་ཀྱི་རིག་པ་གསལ་མིན་དང་ལག་བདེ་མིན་བསྡུར་ཞིབ་ཀྱི་ཚད་གཞི་ཡིན།
 
 
       \\
       མིག་སྔར། འབྲུག་ཆུའི་ཚེམ་དྲུབ་ནི་ཀན་སུའུ་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་རྣམ་གྲངས་ཡིན་ནོ།། 
རྩོམ་སྒྲིག་པ། སངས་རྒྱས་འཚོ།
 
 

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།