中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ཨིན་ཇིའི་ཚན་རིག་པས་ནད་པར“རན་པའི”དབང་པོ་བཟོས།
དུས་ཚོད།2017-10-13 11:22:23     རྩོམ་གྱི་ཡོང་ཁུངས། ཚ་ལུ་མའི་ཚན་རྩལ་དྲ་བ།    ཆུང་། | འབྲིང་། | ཆེ།
ཨིན་ཇིའི་ཚན་རིག་པས་ནད་པར“རན་པའི”དབང་པོ་བཟོས།

\

 ཨིན་ཇིའི《ཉིན་རེའི་སྦྲག་དེབ》ཀྱིས་ཟླ4པའི་ཚེས8ཉིན་བསྒྲགས་པ་ལྟར་ན། ཨིན་ཇིའི་ལོན་ཊོན་གྱི་གོང་མའི་རང་དབང་སྨན་ཁང(London's Royal Free hospital)གིས་དུས་རབས་ཀྱི་དོན་སྙིང་ཡོད་པའི་ཉམས་ཞིབ་ཅིག་བྱེད་སྒང་ཡིན་ཏེ། ཁོ་ཚོས་མི་ལུས་པོའི་ཕྲ་ཕུང་སྐམ་པོ་སྤྱད་ནས་ལུས་ཀྱི་ཡན་ལག་བཟོ་བཞིན་ཡོད་ཅིང་། ད་སྔའི་བར་སྣ་དང་རྣ་བ། གློ་ཡུ། ཁྲག་རྩ་བཅས་དབང་པོ་བཟོས་ཚར་འདུག
  ཤེས་གསལ་ལྟར་ན་ལོན་ཊོན་གོང་མའི་རང་དབང་སྨན་ཁང་ནི་འཛམ་གླིང་གི་ལུས་ཀྱི་དབང་པོ“བཟོ”བའི་སྡེ་ཚན་ཉུང་ངུའི་གྲས་ཀྱི་གཅིག་ཡིན་པ་དང་། ཚན་རིག་པས་ཕྲ་ཕུང་སྐམ་པོ་སྤྱད་དེ་ནད་པར་རན་པའི་དབང་པོ་ཡན་ལག་དག་བློ་སྤོབས་ཆེན་པོས་བཟོ་ཡི་ཡོད་འདུག ད་སྔའི་བར་དུ་ནད་པ་ཉུང་ཤས་ཤིག་གིས་སྨན་ཁང་གི་ཚོད་ལྟ་ཁང་གིས་བཟོས་པའི་དབང་པོ་སྟེ་མིག་རྩ་དང་ཁྲག་རྩ། དབུགས་ལམ་བཅས་དང་ལེན་བྱས། ད་ཆར་ཞིབ་འཇུག་པས་འཛམ་གླིང་གི་ཕྲ་ཕུང་གི་སྐམ་པོ་ལས་བཟོས་པའི་སྣ་དང་པོ་དེ་བརྗེ་འཛུགས་འགྲུབ་ཟིན། ཞིབ་འཇུག་པས་ཆ་ཤས་ཤིག་ཕྲ་ཕུང་སྐམ་པོ་གྲུབ་པའི་སྣ་བ་བཟོས་ཚར་ཞིང་། གལ་སྲིད་བརྗེ་འཛུགས་འགྲུབ་ན་འཛམ་གླིང་གི་མགོ་མར་འགྱུར་ངེས། ཡིན་ཡང་ཁོ་ཚོ་ད་དུང་ཡིད་མི་ཚིམས་པར་ནད་པར་དབང་པོ་ཡན་ལག་སྣ་ཚོགས་བཟོ་ཐུབ་པའི་རེ་བ་བྱེད་ཀྱི་འདུག
  ལོན་ཊོན་མཐོ་སློབ་ཀྱི་འབུམ་རམས་པAlexander Seifalianནི་ཞིབ་འཇུག་ཚོགས་པ་འདིའི་ནང་གི་གཅིག་ཡིན་ཏེ། ཁོང་གི་སྐུ་རྩེད་གནང་ཞོར་ན་རེ། “དབང་པོ་བཟོ་བ་དེ་སྤྲི་གོར་བཟོ་བ་འདྲ་པོ་རེད། ང་ཚོས་སྲེག་སྒམ་མི་འདྲ་བ་སྤྱད་པ་ཙམ་རེད” ན་ནིང་ཁོང་དང་ཁོང་གི་ཚོགས་པས་གཟའ་འཁོར་གཉིས་སྤྱད་དེ་ཨིན་ཇིའི་ནད་པ་ཞིག་ལ་སྣ་ཞིག་བཟོས་པ་རེད། ད་ལྟ་ལྟ་ཞིབ་སྡེ་ཁག་གིས་ཆོག་མཆན་ལ་སྒུག་གིན་ཡོད་ཅིང་། དེ་འབྱོར་མ་ཐག་སྣ་ནད་པའི་ལུས་སྟེང་དུ་སྤོར་ཆོག་པར་འདུག དེར་མ་ཟད། དགེ་རྒན་ཆེན་མོAlexander གྱིས་ཁོའི་ཞིབ་འཇུག་གི་གྲུབ་འབྲས་ལ་ཆེད་ཁེ་ཡར་ཞུ་བྱས་པ་དང་། ད་ལོའི་ལོ་སྨད་དུ་ལོན་ཊོན་དང་རྒྱ་གར་ནས་འགྲེམ་རྩིས་འདུག Alexanderགྱིས་ཚོད་དཔག་བྱས་པ་ལྟར་ན། 2005ལོ་ནས་བཟུང་ཁོའི་ཚོད་ལྟ་ལ་ཨིན་སྒོར་ཁྲི1000(ཀྲུང་སྒོར་ཁྲི10373)བཏང་བ་དང་། ཉིན་ཞིག་མི་རྣམས་ཀྱིས་དབང་པོ་འདི་དག་རྒྱ་ཁྱབ་ཏུ་བཟོས་ཏེ། ནད་པ་རྣམས་ཀྱིས་ཨིན་སྒོར་བརྒྱ་ཕྲག་ཁ་ཤས་ཀྱིས་དབང་པོ་བརྗེ་འཛུགས་ཐུབ་པའི་རེ་བ་ཆེ་ཟེར།


                                                                              རྩོམ་སྒྲིག་པ། ལྷ་ཁོ། 

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།