中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། མཁལ་འགྲམས་ནད་ཀྱི་གསོ་བཅོས་དང་སྔོན་འགོག
དུས་ཚོད།2019-03-13 10:06:17     རྩོམ་གྱི་ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།     ཆུང་། | འབྲིང་། | ཆེ།
1. མཁལ་འགྲམས་ནད་ནི་ཅི་ལྟ་བུ་ཞིག་ཡིན་ཟེར་ན།མཁལ་འགྲམས་ནད་ནི་འཚོ་བའི་ཁྲོད་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ་གཙོ་བོ་ཟས་སྐོམ་བསིལ་བའི་རིགས་བསྟེན་པ་དང་བརླན་སའི་ཡུལ་དུ་བསྡད་དྲགས་པ།ཆུ་ལས་བྱས་པ།དངོས་པོ་ཤུགས་ཀྱིས་འདེགས་པ་སོགས་ཟས་སྤྱོད་མི་ལེགས་པ་ལས་བྱུང་བ་དང་།ནད་རྟགས་སུ་མཁལ་རྐེད་ཁ་འཁོར་དང་དཔྱི་སུལ་ནས་བརླའི་ཕྱི་སུལ།བྱིན་ཉྭའི་རྒྱུད་ནས་རྐང་མཐིལ་བར་གྱི་རྩ་རྒྱུད་འཐེན་པའམ་གཟེར་ཟུག་གཏོང་བ་དང་ཚ་འཁྱུག་རྒྱག་པ།སྦྲིད་པ་སོགས་ཀྱི་རྟགས་ཡོད་པའི་ནད་ཅིག་རེད།
 
2.མཁལ་འགྲམས་ནད་ཀྱི་ནད་ངོས་དབྱེ་ཞིབ།
 
ཀ མཁལ་འགྲམས་སྟོད་བྱེར།གཙོ་བོ་ལྟག་པའི་ཆུ་བའི་འགྲམ་གཉིས་ལ་ནད་ཞུགས་ཏེ་དཔེར་ན་བྱ་བའི་དབང་གིས་རྩིས་འཁོར་དང་གནས་གཅིག་ཏུ་དུས་ཡུན་རིང་པོར་བློ་སྒྲིམ་པ་སོགས་ལས་མགོ་སྐེ་འགུལ་སྐྱོད་ཉུང་བ།སྐེའི་ཆུ་རྒྱུས་སྲ་མོ་ཆགས་པ་ཡུན་གྱིས་སྐེ་རེངས་པོར་གྱུར་པ།བསྒུར་ཏེ་འགྲོ་བ།མགོ་ན་བ།སྐེ་རྒྱུད་དུ་ཚ་ཤད་རྒྱག་པ་སོགས་ཀྱི་རྟགས་འབྱུང་བའི་ནད་ཅིག་རེད།
 
དེང་རབས་འཕྲུལ་ཆསXའོད་དངCTགློག་འོད་ལས་རུས་འཛེར་དང་ཆུ་རྩ་བཙུར་གནོན་ཐེབས་ཡོད་པ་མངོན།
 
ཁ། མཁལ་འགྲམས་བར་དུ་རྒྱས་པ།མཁལ་རྐེད་མཐའ་འཁོར་དུ་ན་ཞིང་དཔྱི་མགོ་འབྲེལ་མཚམས་དང་རྩ་ནག་སྦོ་ཞིང་གཟེར་བ།གློ་དང་སྦྲིད་པ་བྱུང་ཚེ་བཟོད་ཐབས་མེད་པ།འཁྱགས་སྣང་སྐྱེ་བ།རྐེད་པ་ཀྱོག་པོར་འགྲོ་བ།གཙོ་བོ་ཟས་སྐོམ་བསིལ་བ་དཔེར་ན་སིལ་ཁུ།ཁུ་ལུ།ཇ་དམར།ལྦུ་ཆང་སོགས་བསྟེན་དྲགས་པ།ས་བརླན་སར་ཉལ་བ།ཆུ་ལས་མང་པོ་བྱས་པ།ས་འཁྱགས་སར་བསྡད་པ་སོགས་ལས་ནད་འདི་སློང་སླ།
 
དེང་རབས་འཕྲུལ་ཆསXའོད་དངCTགློག་འོད་ལས་རུས་འཛེར་དང་ཆུ་རྩ་བཙུར་གནོན་ཐེབས་ཡོད་པ་མངོན།
 
ག མཁལ་འགྲམས་སྨད་དུ་ལྷུང་བ་ནི་པུས་མོའི་ཚིགས་མཚམས་ན་བ།རྐང་པ་བཤལ་བ་སྦྲིད་སྣང་ཡོད་པ།བརླའི་ཤ་སུལ་དང་བྱིན་ཉྭའི་རྒྱུད་དུ་ན་བ་སོགས་ཀྱི་རྟགས་གཙོ་བོ་སྟོན་པའི་ནད་ཅིག་རེད།འདི་ནི་དབྱར་ཚ་བའི་དུས་སུ་བསེར་བུས་ཕོག་པ།དགུན་གྲང་བའི་དུས་སུ་གོས་སྲབ་པ།དྲོད་མ་བསྲུང་བ་ལས་བྱུང་བ་མང་།
 
དེང་རབས་འཕྲུལ་ཆསXའོད་དངCTགློག་འོད་ལས་རུས་འཛེར་དང་ཆུ་རྩ་བཙུར་གནོན་ཐེབས་ཡོད་པ་མངོན།
 
3.གསོ་བཅོས།
 
ཚ་སྐྱུར་དང་འཁྱགས་པ།རྗེན་པ།འཇུ་དཀའ་བ་སོགས་ཀྱི་ཟས་སྐོམ་སྤངས་ཏེ་བསིལ་དྲོད་སྙོམས་པའི་རིགས་བསྟེན་ནས་ཕོ་བ་དང་མཁལ་མའི་མེ་དྲོད་སྲུང་རྒྱུ།རྩོལ་དྲགས་པ།ཆུ་ལས།གནས་གཅིག་ནས་སྒྲིམ་པ་སོགས་ཀྱི་སྤྱོད་ལམ་སྤངས་ནས་དྲོ་སར་སྡོད་པ་དང་རྒྱུན་དུ་རྩལ་སྦྱོང་རྔུལ་དབྱུང་ཙམ་བྱ་རྒྱུ་དང་ཡན་ལག་གི་ཆུ་རྒྱུས་ཚིགས་ཆེ་ཆུང་གི་བྱེད་ལས་མཐོ་རུ་གཏོང་དགོས།
 
དཔྱད་དུ་བཅིངས་ལུམས། སྣུམ་བྱུགས།སྐམ་ཁབ།ཧོར་མེ།གཏར་ག མེ་བཙའ།སྨན་ལུམས་སོགས་གང་འཚམ་བྱས་ན་བཟང་།
 
4.མཁལ་འགྲམས་ནད་ཀྱི་སྔོན་འགོག
 
རྒྱུན་དུ་དངོས་པོ་ལྕི་མོ་མི་འཁུར་བ།བརླན་ས་སྤངས་པ།གོས་དྲོན་པོ་གྱོན་པ་དང་ཟས་དྲོད་བཅུད་ཅན་ཟོས་ན་བཟང་། གཞན་རྒྱུན་དུ་ཕྱག་འཚལ་བ་སོགས་རྩལ་སྦྱོང་རྔུལ་དབྱུང་ཙམ་བྱས་ན་བཟང་ངོ་། །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།