中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ཆུ་ཁོལ་འཐུང་བའི་ཕན་ ནུས།
དུས་ཚོད།2019-04-11 10:41:57     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  འཛམ་གླིང་སྟེང་གི་ས་ཆ་གང་ཞིག་ཡིན་རུང་ཚང་མས་ཆུ་ཁོལ་འཐུང་བ་ནི་བདེ་ཐང་ལ་ཕན་པའི་བྱ་སྤྱོད་ཅིག་ཏུ་བརྩི་བ་རེད། ཉེ་ཆར། ཨ་མེ་རི་ཁའི ཀློག་པ་པོའི་རྩོམ་ཡིག ཅེས་པའི་དུས་དེབ་སྟེང་ཆུ་ཁོལ་འཐུང་བའི་དགེ་མཚན་འགའ་ཕྱོགས་སྡོམ་བྱས་ཡོད་པ་སྟེ།
    གཅིག  ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ། ཞོགས་པར་ཆུ་ཁོལ་ཕོར་བ་གང་འཐུང་ན་རྙིང་ཚབ་གསར་བརྗེ་བྱེད་པར་ཕན་པས། ལུས་པོའི་སྟེང་གི་ཚ་ཚད་མང་བོ་ཞིག་འདོར་ཐུབ་ལ། ཆུ་ཁོལ་འཐུང་ན་ད་རུང་ལུས་སྟེང་གི་ཆུ་ལྷག་མ་ཕྱིར་ཕུད་བྱེད་ཐུབ་པས། ཆུ་བསགས་པ་སྔོན་འགོག་བྱེད་ཐུབ།
    གཉིས།  སྣ་འགག་པ་གསོ་བཅོས་བྱེད་ཐུབ། ཆུ་ཁོལ་མང་དུ་འཐུང་ན་དབུགས་ལམ་གྱི་ནད་རིགས་མང་བོ་ཞིག་འགོག་ཐུབ་པ་དང་། ནད་ཐོག་ལག་ལེན་གྱི་ཚོད་ལྟ་ལྟར་ན། ཆུ་ཁོལ་གྱི་ཚ་དྲོས་བེ་སྣབས་ཞི་ལྷོད་དུ་བཏང་སྟེ་སྣ་འགག་པ་གསོ་བཅོས་བྱེད་ཐུབ།
    གསུམ།  སོ་ཉམས་གསོ་བྱེད་པ། ཆུ་ཁོལ་གྱི་སོ་ཉམས་གསོ་དང་བསྐྱར་གསོ་བྱེད་པའི་ནུས་པ་ཧ་ཅང་བཟང་། ཚབ་བཙུགས་སོ་མང་བོ་ཞིག་ཆུ་འཁྱགས་ཀྱི་ནུས་པའི་འོག་འཁུམས་ཏེ་ལྷུང་འགྲོ་བ་རེད།
    བཞི།  ཟས་འཇུ་བར་ཕན་པ། ཆུ་ཁོལ་ལ་ཁྲག་རྩ་རྐྱོང་འབྱེད་བྱེད་པའི་ནུས་པ་ལྡན་པས། ཁྲག་གི་འཁོར་རྒྱུག་བདེ་ཐང་ཡོང་བར་ཕན་ཞིང་ཟས་རིགས་འཇུ་བར་རོགས་རམ་བྱེད་ཐུབ་པ་མ་ཟད། ཆུ་ཁོལ་གྱིས་ད་རུང་ཚིལ་འཇུ་བར་བྱེད་ཐུབ།
    ལྔ།  རྔུལ་ཆུ་བཞུར་བ། ཆུ་ཁོལ་འཐུང་ནས་ལུས་པོའི་ཚ་དྲོད་ཇེ་མཐོར་སོང་ན་རྔུལ་ཆུ་བཞུར་བ་དང་། ཡང་ན་ཇ་ཕོར་བ་གང་སྦངས་ནས་འཐུང་ན་ལུས་སྟེང་གི་རང་དབང་གཞི་རྒྱུ་ཇེ་ཉུང་དུ་སོང་སྟེ། ཕྲ་ཕུང་ལ་རྨས་སྐྱོན་འབྱུང་ཚད་ཇེ་ཡང་དུ་འགྲོ་བ་རེད།
    དྲུག  ན་ཟུག་ཇེ་ཡང་དུ་འགྲོ་བ། ཆུ་འཁྱགས་འཐུང་ན་ཤ་གནད་འཁུམ་པ་དང་། ཆུ་ཁོལ་འཐུང་ན་ཁྲག་གི་འཁོར་རྒྱུག་ཇེ་མགྱོགས་སུ་གཏོང་ཐུབ་པས་ཤ་གནད་ལྷོད་ལ་འབབ་ཐུབ། དེས་ན་ཟུག་མང་བོ་ཞིག་གཅོག་ཐུབ་པ་སྟེ། དཔེར་ན་ཤ་སྒྲིམ་པ་ལས་བྱུང་བའི་མགོ་ན་བ་དང་ཡང་ན་གྲུམ་བུའི་ན་ཟུག་དང་ཟླ་མཚན་གྱི་ན་ཟུག་སོགས་གཅོག་ཐུབ། དགོང་མོ་ཉལ་ཁར་ཆུ་ཁོལ་འཐུང་ན་སེམས་ཁམས་དལ་ལྷོད་ཡོང་བར་ཕན་པས། གཉིད་སྐྱིད་པོ་ཡོང་བར་ཕན་པའོ།
    བདུན།  ཁྲག་གི་འཁོར་རྒྱུག་ཇེ་ལེགས་སུ་འགྲོ་བ། ཆུ་ཚ་མོའི་ནང་དུ་ཁྲུས་བྱས་ན་ལུས་པོའི་འཁོར་རྒྱུག་མ་ལག་ལ་རོགས་བྱས་ཏེ་ཁྲག་རྒྱུན་ལུས་པོ་ཡོངས་སུ་ཁྱབ་ཏུ་འཇུག་ཐུབ་པ་བཞིན། ཆུ་ཁོལ་འཐུང་ནའང་ཁྲག་གི་འཁོར་རྒྱུག་ཇེ་ལེགས་སུ་གཏོང་ཐུབ། དེས་ཁྲག་ཤེད་བརྟན་འཇགས་ཡོང་བ་དང་། སྙིང་དང་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ་ཇེ་ཉུང་དུ་གཏོང་ཐུབ་པ་མཚོན་ཡོད།
    བརྒྱད།  བཤང་འགགས་པ་གསོ་བཅོས་བྱེད་ཐུབ། བཤང་འགགས་པ་ནི་རྒྱུན་དུ་རྒྱུ་མ་དང་ཕོ་བའི་འགུལ་སྐྱོད་བྱེད་ཚད་དལ་བའམ་ཡང་ན་ལུས་པོར་ཆུས་མ་འདང་བའི་དབང་གིས་བྱུང་བ་རེད། ཞོགས་པར་མལ་ལས་ལངས་རྗེས་ཁོག་སྟོང་དུ་ཆུ་ཁོལ་ཕོར་བ་གང་འཐུང་ན་རྒྱུ་མ་དང་ཕོ་བ་འགུལ་སྐྱོད་བྱེད་པར་ཕན་པས། བཤང་འགགས་གསོ་བཅོས་བྱ་ཐུབ།
    དགུ།  གཤིས་རྒྱུད་ཇེ་བཟང་དུ་འགྲོ་བ། ཨ་མེ་རི་ཁའི་ཁོའོ་ལུའོ་ལ་ཏུའོ་སློབ་ཆེན་པོ་ཨེར་ཏའེ་ཡན་ལག་སློབ་གྲྭའི་ཞིབ་འཇུག་པས་ཤེས་པ་ལྟར་ན། ཆུ་ཁོལ་འཐུང་རྒྱུར་དགའ་བའི་མི་ནི་ཆུ་འཁྱགས་འཐུང་རྒྱུར་དགའ་བའི་མི་ལས་གཤིས་རྒྱུད་བཟང་ཞིང་བརྩེ་སེམས་ལྡན་པ་རེད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།