中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། དཔྱིད་འགོ་ཚུགས་དུས་ཕྱུགས་རར་དུག་སེལ་བྱེད་པར་གཟབ་དགོས།
དུས་ཚོད།2019-04-17 09:30:42     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    འཕྲུལ་ཆས་ཀྱི་གཙང་སེལ་བྱ་ཐབས་ལ་གཙོ་བོར་གཙང་འཕྱག་བྱེད་པ་དང་བཀྲུ་བ། རླུང་རྒྱག་པ། ཚགས་རྒྱག་པ་སོགས་འཕྲུལ་ཆས་ཀྱི་བྱེད་ཐབས་སྤྱད་ནས་ནད་དུག་གི་གཞི་རྩ་གཙང་སེལ་བྱེད་པ་དེ་ཡིན། བྱ་ཐབས་འདི་སྤྱིར་བཏང་གི་བྱ་ཐབས་ཤིག་ཡིན་ལ་རྒྱུན་བཀོ་ཡང་ཡིན་མོད་དེའི་དུག་སེལ་རྩ་བ་ནས་བྱེད་མི་ཐུབ་པས་རམ་འདེགས་ཀྱི་བྱེད་ཐབས་ཤིག་ཡིན་པའི་ཆ་ནས་དུག་སེལ་བྱ་ཐབས་གཞན་དག་དང་བསྟུན་དགོས།
   དངོས་ལུགས་ཀྱི་དུས་སེལ་བྱེད་ཐབས་ཀྱིས་ཉི་འོད་དང་སྨུག་ཕྱིའི་འོད། སྐེམ་པ། མཐོ་དྲོད། རླངས་འགྱུར་སོགས་ཀྱི་ཐབས་ལ་བརྟེན་ནས་ཕྲ་ཕུང་དང་ནད་དུག་གཙང་སེལ་བྱེད་པ་ཡིན།
    རྒྱུན་མཐོང་གི་རྫས་འགྱུར་གྱི་དུག་སེལ་བྱེད་ཐབས་ནི་རྫས་འགྱུར་སྨན་རྫས་སྤྱད་ནས་ནད་དུག་གི་གཞི་རྩ་གཙང་སེལ་བྱེད་པ་དེ་ཡིན། དུག་སེལ་སྨན་རྫས་འདེམས་སྐབས་སུ་གཅིག་ནས་ནད་དུག་གི་ཕྲ་ཕུང་སེལ་མིན་དང་ནུས་ཐོན་གར་ཚད་དམའ་མིན། ཕན་ནུས་བཟང་མིན་བཅས་དང་། གཉིས་ནས་མི་དང་ཕྱུགས་ཟོག་ལ་གནོད་པ་ཡོད་མེད། གསུམ་ནས་ངོ་བོ་གཏན་འཇགས་ཡིན་མིན་དང་ཆུ་དང་འདྲེས་སླ་མིན། ཁྱབ་སྤེལ་བྱ་ཐུབ་མིན་སོགས་དང་། ལྔ་ནས་བྲོ་མེད་པ་དང་དྲི་མི་བཙོག་པ། དུག་སེལ་བྱའི་དངོས་པོར་གནོད་སྐྱོན་མི་བཟོ་བ། དྲུག་ནས་བཀོལ་སྤྱོད་བྱས་རྗེས་ལྷག་ལུས་དངོས་པོ་ཉུང་བའམ་ཞོར་སྐྱོན་ཆུང་བ་སོགས་ཀྱི་ཐད་ལ་བསམ་བློ་གཏོང་དགོས།
    ལོ་རེར་ཐེངས་གཉིས་ནས་བཞི་ལ་དུས་ཚོད་གཏན་ཁེལ་བྱས་ནས་དུག་སེལ་བྱ་དགོས་ལ་མ་མཐའ་ཡང་དུས་ཚུགས་སོ་སོར་དུག་སེལ་ཐེངས་རེ་བྱ་དགོས། ནོར་རའི་ནང་གི་མཁོ་ཆས་ཡོངས་ལ་ཟླ་རེར་དུག་སེལ་ཐེངས་རེ་བྱ་དགོས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།