中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། རྫས་ལུད་བཀོལ་སྤྱོད་བྱེད་པའི་ཐད་ཀྱི་ཤེས་བྱ།
དུས་ཚོད།2019-04-17 09:32:02     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  རྫས་ལུད་ཀྱིས་ཞིང་ལས་ཐོན་སྐྱེད་ཁྲོད་དུ་ཆེས་གལ་འགངས་ཆེ་བའི་ཕན་ནུས་འདོན་གྱིན་ཡོད་པར་མ་ཟད། ད་དུང་དེར་འཚོ་བཙུད་ཀྱི་འདུས་ཚད་མཐོ་ཞིང་ལུད་ནུས་ཀྱི་ཐོན་ཚད་མགྱོགས་པ། ཉར་ཚགས་བྱེད་སླ་བ་སོགས་ཀྱི་ནུས་པ་ལྡན་པ་རེད། ཡིན་ན་ཡང་ང་ཚོས་རྫས་ལུད་གཏོར་འཇོག་བྱེད་དུས་ངེས་པར་དུ་དེའི་ཞན་ཆ་དང་ལྡོག་ནུས་ལ་རྒྱུས་ལོན་གསལ་བོ་བྱ་དགོས།
    གཅིག འཚོ་བཅུད་མི་འཛོམས་པ།
    སྤྱིར་བཏང་གི་རྫས་ལུད་ནང་དུ་སྐྱེ་ལྡན་ལུད་མི་འདུས་ཤིང་གྲུབ་ཆ་ཅུང་གཅིག་རྐྱང་ཡིན་པར་མ་ཟད། ད་དུང་ནང་དུའང་འཚོ་བཅུད་རིགས་གཅིག་གམ། ཡང་ན་གཉིས་ནས་གསུམ་ཙམ་ལས་མ་གཏོགས་མི་འདུས་པ་རེད། དེ་ཡང་བསྲེས་ལུད་ཀྱིས་འཚོ་བཅུད་སྣ་ཚོགས་ཇེ་མང་དུ་གཏོང་ཐུབ་ཀྱང་། ཁྱིམ་ལུད་ལྟར་འཚོ་བཅུད་སྣ་འཛོམས་ཤིག་ཡོང་དུ་འུག་དཀའ་བ་ཡིན།
    གཉིས། ཕྱོགས་ཙམ་རང་བཞིན་ལྡན་པ།
    རྫས་ལུད་ཀྱིས་ས་རྒྱུ་དང་ལོ་ཏོག་བཅས་ལ་ཕྱོགས་ཙམ་རང་བཞིན་ལྡན་པས། རྫས་ལུད་བཀོལ་དུས་ལེགས་པོར་བདམས་ན། ད་གཟོད་བློ་ཁ་དང་མཐུན་པའི་ཕན་ནུས་ཐོན་ཐུབ་པ་དང་། དེ་མིན་ཚེ་བསམ་ཐོག་ལ་འབབ་བཀའ་བ་ཡིན།
    མིག་སྔར། ཁྱིམ་ལུད་ནི་སྔར་བཞིན་ཞིང་ལས་ཐོན་སྐྱེད་ཁྲོད་ཀྱི་ནུས་ཁུངས་གཙོ་བོ་ཞིག་ཡིན་པའི་རྐྱེན་གྱིས། ཞིང་ལས་ཐོན་སྐྱེད་ཀྱི་ཁྲོད་དུ་ཚན་རིག་གི་སྒོ་ནས་ལུད་གཏོར་འཇོག་བྱེད་པ་དང་། ཁྱིམ་ལུད་དང་རྫས་ལུད་གཉིས་ཕན་ཚུན་སྐྱོན་སྤོང་དགེ་སྒྲུབ་དང་གཅིག་རམ་གཅིག་འདེགས་ངང་བསྡེབ་པར་མཐོང་ཆེན་བྱ་དགོས་པ་རེད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།