中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། གད་སྙིགས་འབར་བའི་དུ་དྲི།
དུས་ཚོད།2019-04-19 17:43:12     རྩོམ་གྱི་ཡོང་ཁུངས།མཚོ་སྔོན་བོད་རིགས་དྲ་བ།    ཆུང་། | འབྲིང་། | ཆེ།
  ནམ་རྒྱུན་ཞོར་ཟོས་དང་ཤོག་ཧྲུལ་གྱིས་ཁེངས་པའི་རྭ་སྐོར་ཆུང་ཆུང་འདིའི་ནང་དུ་གད་སྙིགས་མེ་རུ་སྦར་བའི་དུ་བས་སློབ་རྭའི་མཁའ་དབྱིངས་ཡོངས་གཡོགས་ནས།  དགེ་སློབ་མང་པོ་ཞིག་གི་སྣ་ནང་དུ་དྲི་མ་ཡ་མཚན་འདི་དག་འཛུལ་བའི་འཇིགས་སྣང་གི་སྣང་ཚུལ་འདི་སུ་ཞིག་གིས་མཐོང་ན་སྐྱིད་སྣང་ཨེ་སྟེར་རམ། ཤོག་ཧྲུལ་དང་ཞོར་ཟོས་སྣ་ཚོགས་ཀྱི་འགྱིག་ཤོག།  ཁྱིམ་ཚང་ནང་གི་གད་སྙིགས་ཧྲལ་ཧྲུལ་སྣ་ཚོགས་བཅས་སྤུངས་པའི་གད་སྙིགས་སྣོད་སྒམ་འདིའི་ནང་གི་མེ་ལྕེ་དང་དུ་བ་དགུང་དུ་འཕྱུར་བའི་དུ་དྲི་སློབ་གྲྭའི་ར་སྐོར་ནས་སློབ་ཁང་གི་བར་ཁྱམས་དང་མཁའ་དབྱིངས་སུ་བརྒྱུད་པའི་དྲི་མ་སྣར་གཟན་པ་འདིས་ཉེ་འཁོར་གྱི་སློབ་བུ་ཆུང་ཆུང་འདི་དག་གི་སྣ་དབུགས་སུ་བརྒྱུད་པའི་ཚོར་བ་ཅི་འདྲ་ཞིག་ཡིན་ནམ།
 
       ཡང་ན་མི་རྣམས་ཀྱི་གད་སྙིགས་ཀྱི་སྣོད་སྒམ་འདི་ནི་བསང་ཁྲི་ཞིག་ཡིན་པར་འཁྲུལ་བ་དང་།  གད་སྙིགས་འབར་བའི་དུ་དྲི་ནི་བསང་རྫས་ཀྱི་དྲི་མ་ཞིག་ཡིན་པར་རློམ་ནས་ཁ་ནང་སྣ་ནང་དུ་འབྱིན་རྔུབ་བྱེད་ཅི་ཐུབ་བྱེད་པའི་ངང་ཚུལ་དགོད་བྲོ་བ་འདི་ནི་སུ་ཞིག་གིས་མིག་གིས་མཐོང་བཞིན་ཡོད་དམ།
 
       གད་སྙིགས་ཀྱི་དུ་བས་ལུས་ཕུང་བདེ་ཐང་ལ་གནོད་སྐྱེལ་གྱི་ཡོད་མེད་སྐོར་གྱི་ཤེས་བྱའི་དྲིལ་སྒྲོག་གི་ནུས་པས་མ་འདང་བའི་མངོན་རྟགས་མ་ཡིན་ནམ།
 
       ཡང་ན་གད་སྙིགས་ཀྱི་དུ་བ་འབྱིན་རྔུབ་བྱེད་བཞིན་པའི་དགེ་སློབ་འདི་དག་གི་སྣའི་ཚོར་བ་ཉམས་ཡོད་ཤས་ཆེ།  དེ་མིན་ཡང་ན་མིག་ཡོར་བསྒྲིབས་ཡོད་པས་གད་སྙིགས་ཀྱི་མེ་ལྕེ་དང་དུ་བ་མཁའ་ལ་ཁྱབ་པའི་རྣམ་པ་མིག་གིས་མཐོང་གིན་མེད་པ་འདྲ། གད་སྙིགས་ཀྱི་དུ་བ་འཕྱུར་ཡ་འཕྱུར།  མུ་མཐུད་དུ་འཕྱུར།  སྣའི་ཚོར་བ་དང་མིག་ཡོར་བསྒྲིབས་ཡོད་པའི་དགེ་སློབ་འདི་དག་དང་།  ཁྱིམ་བདག་སོགས་ལ་དུ་དྲི་ཡིད་ཚིམ་པ་ཞིག་སྣོམ་དུ་བཅུག  ནམ་ཞིག་ལ་དུ་དྲི་ཡིད་ཚིམ་པ་ཞིག་སྣོམས་ཚར་རྗེས།  གད་སྙིགས་འབར་བའི་དུ་དྲི་ཡང་རང་ཤུགས་ཀྱི་མེད་པར་འགྱུར་ན་ཐང་། དེ་དུས་དགེ་སློབ་དང་ཁྱིམ་བདག་ཡོངས་ཀྱི་སྣའི་ཚོར་བ་ཉམས་པའི་ནད་གཞི་དེ་ཡང་དྲག་བསྐྱེད་དུ་ཡོང་བ་རེད།
 
       གད་སྙིགས་ཀྱི་མེ་ལྕེ་དང་དུ་བ་དགུང་དུ་འཕྱུར་རོགས།  ང་ཚོའི་མིག་ལམ་ནས་མེ་ལྕེ་འཕྱུར་བའི་རྣམ་པ་དེ་ཅི་འདྲའི་མཛེས་ལ།  དུ་དྲི་དེ་ཅི་འདྲའི་ཞིམ་པ་ལ།  གད་སྙིགས་མེ་རུ་སྒྲོན་པ་པོ་ལགས།  མུ་མཐུད་དུ་མེར་སྒྲོན་རོགས།  གད་སྙིགས་འབར་བའི་མེ་ལྕེ་དང་དུ་དྲི་ནི་ང་ཚོར་ཅི་འདྲའི་མཁོ་བ་ལའང་།  སློབ་གྲོགས་ཚོ།  འབད་བརྩོན་སྒོས་ཞོར་ཟོས་ཟོ་དང་།  ཚེགས་ཡང་གི་སྒོ་ནས་ཤོག་ཧྲུལ་གང་དགར་གཏོར་རོགས།  དེ་མིན་ང་ཚོར་གད་སྙིགས་འབར་སྤྱད་ཀྱི་རྒྱུ་ཆ་ཡོད་སྲིད་ཀྱི་མ་རེད།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།