中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། གཉིད་ཁར་ཁ་པར་རྩེ་ན་གནོད་པ་ག་འདྲ་ཡོད་དམ།
དུས་ཚོད།2019-05-08 09:48:40     རྩོམ་གྱི་ཡོང་ཁུངས།྇ཀྲུང་གོ་བོད་ཀྱི་དྲ་བ།    ཆུང་། | འབྲིང་། | ཆེ།
1. མཚན་མོར་མལ་དུ་ཉལ་ནས་ཁ་པར་རྩེ་ན། ཁ་པར་གྱི་འོད་ཐད་ཀར་མིག་ངོས་ལ་དྲང་འཕྲོ་བྱེད་ཅིང་། འགྱེད་འཕྲོའང་ཤིན་ཏུ་ཆེ་བས་མིག་གཉིས་ལ་གནོད་པ་ཚབས་ཆེན་ཐེབས་ངེས་ཡིན།
 
2.ཁ་སྦུབས་སུ་ཉལ་ནས་ཁ་པར་རྩེ་ན། གུ་མོ་དང་ཀླད་པའི་ཁྲག་རྒྱུན་ལྡན་ལྟར་འཁོར་རྒྱུག་བྱེད་མི་ཐུབ་པ་ལ། མཚམས་རེར་ཁ་པར་གྱི་དྲ་སྒོ་མ་བརྒྱབ་པར་གཉིད་ཁུགས་པའང་ཡོད། དེ་ལྟར་བྱས་ཚེ་སྐེ་ཚིགས་ཡན་ཆད་ནས་ཁྲག་འཁོར་རྒྱུག་བྱེད་མི་ཐུབ་པ་ཡིན།
 
3.གཞོགས་གཡས་གཡོན་དུ་ལོག་ནས་ཁ་པར་རྩེ་ན། མིག་གཡས་གཡོན་ལ་ཐེབས་པའི་གནོན་ཤུགས་མི་འདྲ་བས་ཟླ་གཅིག་མ་ལོན་པར་མིག་གཉིས་ཀྱི་མིག་ཤེས་ལ་མཐོ་དམའ་འཆོར་ངེས་ཡིན།
 
4.གན་རྐྱལ་དུ་ཉལ་ནས་ཁ་པར་རྩེ་ན། གྲུ་མོས་ཤུགས་བཏོན་དྲགས་ཏེ་དཔུང་བ་དང་ལག་ངར་གྱི་ཁྲག་འཁོར་རྒྱུག་བྱེད་མི་ཐུབ་ལ། ཡུན་རིང་པོར་བསྡད་ཚེ་དཔུང་བ་དང་ལག་ངར་སྦྲིད་ནས་ཚོར་བ་ཉམས་པའང་ཡོད།
 
5.གློག་བསད་ནས་ཁ་པར་རྩེ་དུས་ཁ་པར་བརྙན་ཤེལ་གྱི་འོད་ལྡབ་འགྱུར་གྱིས་ཆེ་སྟེ། ཁ་པར་བརྙན་ཤེལ་གྱི་འོད་ཇི་ལྟར་གསལ་དྲགས་ན་མིག་ལ་གནོད་པ་དེ་ལྟར་ཆེ་བས། ཡུན་རིང་པོར་སྤྱད་ཚེ་མིག་ཤེས་དམའ་རུ་འགྲོ་ཐག་ཆོད་ཡིན།
 
6.མཚན་མོའི་ཆུ་ཚོད་བཅུ་གཅིག་ཕྱེད་ཀ་ནས་ཞོགས་པའི་ཆུ་ཚོད་བཞི་བའི་བར། མིའི་ལུས་ཁམས་ནས་སྤྲི་དཀར་མེ་རྫས་ཕྱིར་བཏོན་ནས་མདོག་རྒྱུ་ནག་པོ་འགོག་གིན་ཡོད་པས། གློག་འོད་འོག་ནས་ཁ་པར་རྩེ་ན། སྤྲིད་དཀར་མེ་རྫས་ཕྱིར་འདོན་མཚམས་ཆད་ནས་ལུས་ཁམས་ཡོངས་ན་གནོད་སྐྱེལ་ཉེན་ཡོད།
 
7.ཆུ་ཚོད་གཅིག་ཡན་ཆད་ལ་ཁ་པར་རྩེ་བའི་གནོད་པ། མཚན་མོའི་ཆུ་ཚོད་དགུ་བ་ནི་དྲན་པ་ཆེས་གསལ་དུས་ཡིན་ཞིང་།དུས་ཚོད་བཅུ་གཅིག་རྗེས་ནས་ལུས་ཁམས་ཀྱིས་རྙིང་དོར་གསར་ལེན་བྱེད་མགོ་རྩོམ་གྱི་ཡོད་པས། ཁ་པར་རྩེ་ཡུན་རིང་དྲགས་ཚེ་ལུས་ཁམས་དུས་ལྟར་དུ་གསོ་མི་ཐུབ་པ་བཅས་ཀྱི་གནོད་པ་ཡོད།  །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།