༄༅།། ཡོམ་འགོག་གནོད་བྱུང་གི་ཚན་རིག་ཁྱབ་གདལ་ཤེས་བྱ། - ཚན་རྩལ་ཤེས་བྱ། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ཡོམ་འགོག་གནོད་བྱུང་གི་ཚན་རིག་ཁྱབ་གདལ་ཤེས་བྱ།
དུས་ཚོད།2019-05-28 09:27:17     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  མི་ཚོགས་འདུ་ས་ནས་ཇི་ལྟར་མྱུར་དུ་ཉེན་གཡོལ་བྱེད་པ།
1.དམིགས་གསལ་གསལ་འདེབས།
    ཡུལ་དངོས་ཀྱི་ལས་བྱེད་མི་སྣའི་བཀོད་འདོམས་ལ་ཉན་པ། འཚབ་འཚུབ་ངང་འཚང་ཁ་རྒྱག་མི་ཉན།
    མི་ཚོགས་ཀྱི་འཚང་ཁའི་ཕྱོགས་སུ་མི་འགྲོ་བར་དེ་ལས་གཡོལ་དགོས། གལ་ཏེ་མི་ཚོགས་འཚང་ཁའི་ཁྲོད་ལྷུང་སོང་ན་ས་ལ་འགྱེལ་བར་སྔོན་འགོག་དང་། ལག་པ་གཉིས་བསྣོལ་ཏེ་བྲང་གཞུང་སྲུང་སྐྱོབ་བྱེད་པ། ཕྲག་པ་དང་རྒྱབ་གཉིས་ཀྱིས་ཕྱི་ཕྱོགས་ཀྱི་གནོན་ཤུགས་བཀག་ཏེ་མི་ཚོགས་ཀྱི་རྒྱུ་ཕྱོགས་དང་མཉམ་དུ་འགུལ་བསྐྱོད་བྱ་དགོས།
    སྒྲོག་མ་གྲོལ་ནས་དབུགས་རྒྱུ་ཐུབ་པ་བྱ་དགོས།
2.གློག་བརྙན་ཁང་དང་ལུས་སྦྱོང་ར་བ་སོགས་སུ།
    རང་གནས་ནས་མར་ཙོག་པ་དང་ཡང་ན་རྐུབ་སྟེགས་འགྲམ་དུ་ཁ་སྦུག་ཏུ་ལོག་པ།
    གློག་སྒྲོན་དང་གློག་ཆས་རླུང་གཡབ་སོགས་དཔྱངས་པའི་དངོས་པོ་ལ་གཡོལ་དགོས། དཔེ་ཁུག་སོགས་སྤྱད་དེ་མགོ་བོ་སྲུང་སྐྱོབ་བྱ་དགོས།
    ས་འགུལ་འཛུར་རྗེས་ལས་བྱེད་མི་སྣའི་བཀོད་འདོམས་ལྟར་གོ་རིམ་ཡོད་པའི་སྒོ་ནས་སྒོར་འབུད་དགོས།
    3.ཚོང་མ་དང་དཔེ་མཛོད་ཁང་། བཤམས་སྟོན་ཁང་། ས་ལོག་ལྕགས་ལམ་སོགས་ནས།
    སྲ་མཁྲེགས་ཅན་གྱི་ཟོང་སྒྲོམ་དང་ཚོང་རྫས་ཡང་ན་གདུང་མའི་འགྲམ། ནང་ངོས་ཀྱི་གྱང་ཟུར་སོགས་ནས་ཙོག་ཕུར་འདུག་པ་དང་། ལག་པའམ་ཡང་ན་ངོས་རྫས་གཞན་པས་མགོ་བོ་འགེབ་དགོས།
    ཤེས་སྒོ་དང་ཤེལ་གྱི་དྲ་མ། ཟོང་སྒྲོམ་དག་ལ་གཡོལ་དགོས།
མི་བརྟན་པའི་དངོས་བོ་ལྕི་མོ་དང་ཆག་སླ་བའི་ཟོག་རྡང་དག་ལ་གཡོལ་དགོས། འགྲེམ་བརྡའི་བྱང་བུ་དང་གློག་སྒྲོན་གྱི་སྒྲོམ་སོགས་མཐོ་སར་དཔྱངས་བའི་དངོས་བོ་ལ་གཡོལ་དགོས།
    4.བགྲོད་བཞིན་པའི་རླངས་འཁོར་ནང་ནས།
     ལག་སྐྱོར་ལ་སྲ་མོར་འཇུ་བ་དང་མགོ་སྒུར་བ། འགྱེལ་བ་གདོང་གཏུག་བྱེད་པར་འཛེམ་པ།
    བྲེལ་ཟིང་མི་བྱེད་པར་རྐུབ་སྟེགས་གམ་ནས་ཡིབ་པ།
    ས་འགུལ་འཛུར་རྗེས་རླངས་འཁོར་ནས་འབབ་དགོས།
    ཕྱི་རོལ་ནས་ཇི་ལྟར་ཉེན་གཡོལ་བྱེད་པ།
    ཉེན་ཆེའི་འདུ་ར་གཞན་དག་ནས་གཡོལ་བ།
    དཔེར་ན། སྲང་ལམ་གུ་དོག་པ། འཇིག་ཉེན་ཡོད་པའི་ཁང་བ་དང་གྱང་། ཁང་བའི་ཤམ་ཀ་སོགས། སོ་ཕག་དང་ཤིང་གི་རྒྱུ་ཆ་སྒྲིག་པའི་གནས་སོགས།
    1.དམིགས་བསལ་གསལ་འདེབས།
    ཉེན་ཁ་ཆེ་བའི་དངོས་རྫས་འགྲམ་འོག་ནས་མྱུར་དུ་གཡོལ་དགོས། རང་གནས་ནས་ཐང་ཡངས་པའི་ས་གནས་འདེམ་སྟེ་ཉེན་གཡོལ་བྱ་དགོས། མར་ཙོག་པའམ་ཡང་ན་ཁ་སྦུག་ཏུ་ལོག་པ། ས་ལ་འགྱེལ་བར་འཛེམ་པ། གང་འདོད་དུ་མི་འགྲོ་བར་མི་ཚོགས་ལས་གཡོལ་དགོས། ས་འགུལ་སྐབས་སྡོད་ཁང་ནང་གང་འདོད་དུ་ཕྱིར་འགྲོ་མི་ཉན། འཛུགས་སྐྲུན་བཟོ་བཀོད་ཆེན་པོར་གཡོལ་དགོས། དཔེར་ན། ཐོག་ཁང་དང་ལྷག་པར་དུ་གྱང་ངོས་ཤེལ་གྱིས་གཡོག་པའི་འཛུགས་སྐྲུན་སོགས་ལ་གཡོལ་བ།
    སྲང་ལམ་དང་བསྣོན་ཟམ་སྟེང་འོག་ལ་འགྲོ་སྐབས་དང་ཁྲོ་ཐབས་དུ་ཁུང་དང་ཆུ་མཛོད་སོགས།
    2.ཉེན་ཁ་ཆེ་བའི་དངོས་པོ་དང་མཐོ་སར་དཔྱངས་བའི་དངོས་པོར་གཡོལ་དགོས།
    དཔེར་ན་གློག་ཤེད་སྒྱུར་ཆས་དང་གློག་སྡོང་། ལམ་སྒྲོན་སོགས། འགྲེམ་བརྡའི་བྱང་བུ་དང་འདེགས་འཁོར་སོགས།
    3.ཉེན་ཆེའི་འདུ་ར་གཞན་དག་ནས་གཡོལ་བ།
    སྲང་ལམ་གུ་དོག་པ། འཇིག་ཉེན་ཡོད་པའི་ཁང་བ་དང་གྱང་། ཁང་བའི་ཤམ་ཀ་སོགས། སོ་ཕག ཤིང་གི་རྒྱུ་ཆ་སྒྲིག་པའི་གནས་སོགས་སོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།