中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། དྭངས་བསིལ་སྐོམ་ཆུར་གནོད་པ་ཅི་འདྲ་ཡོད་དམ།
དུས་ཚོད།2019-06-12 11:09:52     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 དྭངས་བསིལ་སྐོམ་ཆུ་ནི་ཆང་བཅུད་འདུས་ཚད་བརྒྱ་ཆའི 0.5ལས་ཆུང་ལ། རང་བྱུང་གི་རྫས་དང་སྡེབ་ནས་བཟོས་པའི་སྐོམ་ཆུ་ལ་བྱ་ཞིང་། དེར་སྐོམ་ཆུ་མཉེན་པོ་དང་ཕྲུན་མེད་སྐོམ་ཆུ་ཡང་ཟེར། ཞིབ་འཇུག་བྱས་པ་ལྟར་ན། དུས་རྒྱུན་དུ་མིས་བཟོས་སྐོམ་ཆུ་བཏུང་ཚེ་ཤ་རྒྱས་པ་དང་སོ་སྲིན་འགོ་བ། མཁལ་མ་སོགས་ལ་གནོད་པ་ཆེ་ཞིང་། དངོས་ཡོད་གནས་ཚུལ་དེ་ལས་ཀྱང་ཚབས་ཆེ།
    ཞིབ་འཇུག་གཞི་གྲངས་ལས་མངོན་པར། གལ་ཏེ་ཉིན་གཅིག་ལ་སྐོམ་ཆུ་དམ་བུ་གཉིས་ཡན་བཏུང་ཚེ། སྔ་འཆིའི་ཉེན་ཁའི་ཚད་སྐྱེས་པ་ཚོར་བརྒྱ་ཆའི 29འཕར་ལ། སྐྱེས་མ་ཚོར་བརྒྱ་ཆའི 36འཕར།
    ཞིབ་འཇུག་ལས་ཤེས་གསལ་བྱུང་བ་ལྟར་ན། དྭངས་བསིལ་སྐོམ་ཆུ་འཐུང་བ་མང་དྲགས་ཚེ་ཁྲག་སྦུག་གི་ནད་དང་སྐྲན་ནད་བསྐྱེད་སྲིད། དེར་བརྟེན་ཕོ་མོ་གང་ཡིན་རུང་དུས་རྒྱུན་དུ་དྭངས་བསིལ་སྐོམ་ཆུ་འཐུང་དྲགས་ན་ཁྲག་སྦུག་གི་ནད་བྱུང་ནས་འཆི་བའི་ཉེན་ཁའི་ཚད་བརྒྱ་ཆའི 31ལ་བསླེབས་ལ། སྐྲན་ནད་ཀྱིས་འཆི་བའི་ཚད་ཡང་བརྒྱ་ཆའི 18ལས་མཐོ་བ་ཡོད། ཞིབ་འཇུག་མི་སྣས་བསྟན་དོན། མི་རྣམས་ཀྱིས་བྱེད་ཐབས་འགའ་ཤས་སྤྱད་ནས་ཉེན་ཁའི་ཚད་དམའ་རུ་བཏང་ཆོག་སྟེ། དཔེར་ན་ལུས་རྩལ་སྦྱོང་བརྡར་དང་ཟ་མ་ཐུན་ལྟར་ཟ་བར་དོ་སྣང་བྱ་དགོས་པའོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།