中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ཁྲག་རྒྱུ་ཡང་དབུགས་མི་རྒྱུ་བའི་ནད་ཇི་ལྟར་ཞི་ལྷོད་དུ་གཏོང་དགོས།
དུས་ཚོད།2019-06-12 11:11:00     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ཀྲུང་ལུགས་གསོ་རིག་གིས་དབུགས་དང་ཁྲག་གི་འབྱུང་ཁུངས་གཅིག་ཏུ་འདོད་ཅིང་། དེ་གཉིས་ཕན་ཚུན་བརྟེན་ནས་ཡོད་པས་ཡ་བྲལ་ཏུ་གཏོང་མི་རུང་ཞིང་། གང་རུང་གཅིག་ལ་ནད་ཀྱིས་གཙེས་པའི་ཚེ་ཐ་མར་གཞན་དེ་ཡང་རིམ་གྱིས་ནད་དུ་ཐེབས་ངེས་ཡིན། དེང་སྐབས་ཀྱི་མི་ལ་དུས་རྒྱུན་དུ་སྦྲིད་པ་དང་རྐང་ལག་འཁྱག་པ་དང་ན་ཟུག་སྐྱེ་བ། བྲང་ཁ་མི་བདེ་བ། དབུགས་རིང་དབྱུང་བ། ལྟོ་བ་སྦོས་པ་སོགས་ཀྱི་ནད་རྟགས་འབྱུང་གིན་འདུག འདི་དག་དབུགས་ལམ་འགག་པ་སོགས་ཀྱིས་བསྐྱེད་ཅིང་། མི་འདི་རྣམས་ཀྱི་ལུས་དྲོད་དང་ཁྲག་གི་ཚད། འཁོར་རྒྱུགས་སོགས་རྒྱུན་ལྡན་ཡིན་མོད་ལུས་པོའི་གཡོ་བསྐྱོད་ནུས་པ་ཉམས་ཞན་ཡིན།
    དབུགས་མི་རྒྱུ་བའི་ནད་རྟགས་མངོན་འཕྲལ། དེར་སྣང་འཇོག་བྱ་དགོས་པར་མ་ཟད། དུས་ལྟར་གསོ་བཅོས་བྱས་ན་ལེགས། དེ་ལྟར་མ་བྱས་ཚེ་ཁྲག་གི་འཁོར་བསྐྱོད་ལའང་ཡུན་གྱིས་གནོད་པ་བཟོ་སྲིད་དེ། དབུགས་རྒྱུ་དཀའ་བ་བྱུང་ཚེ་ཁྲག་འབྲུམ་གྱི་ནད་སློང་ངེས། ཁྲག་འབྲུམ་གྱིས་ཁྲག་གི་འཁོར་བསྐྱོད་ལ་ཤུགས་སྐྱེན་ཐེབས་ནས་ཐ་མར་ཁྲག་དབུགས་གཉིས་ཀ་མི་རྒྱུ་བའི་གནས་ཚུལ་འབྱུང་ངེས། གཤམ་དུ་ཁྱེད་ཅག་ལ་དབུགས་རྒྱུན་ཁ་གསབ་ལ་ཕན་པ་ཆེ་བའི་བཏུང་ཇ་རིགས་གཉིས་འོས་སྦྱོར་བྱའོ།
    1.ལུས་དྲོད་ཅུང་དམའ་བའི་མི་རྣམས་ཀྱིས་ཧྲིང་ཅིན་ཚའོ་དང་ལིའུ་ལིའུ་ཐུང་། ཧྥོ་ཧྲིག་བཅས་ཁེ 10རེ་ཇ་རུ་སྦངས་ནས་བཏུང་དགོས།
    2.སེམས་ཁམས་ཅུང་བདེ་བོ་མིན་པའི་མི་རྣམས་ཀྱིས་རྒྱ་སེ་མོ་ཏོག་ཁེ 10དང་དཔའ་བོ་སེར་པོ་ཁེ 10 འཁྲི་ཤིང་བྱ་ཁྲག་མདོག་ཁེ 15བཅས་ཇ་རུ་སྦངས་ནས་བཏུང་། གཞན་ད་དུང་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ། ལྭ་བ་མཐུག་པོ་གྱོན་ཏེ་གྲང་འཁྱག་སོགས་ཐེབས་སུ་འཇུག་མི་རུང་། ངལ་རྩོལ་དང་ངལ་གསོ་མཐུན་སྦྱོར་གང་ལེགས་བྱས་ཏེ་སེམས་ཁམས་སྐྱིད་པོ་རྒྱུན་འཁྱོངས་བྱ་དགོས་། ད་དུང་ཀྲུང་ལུགས་གསོ་རིག་གི་དྲག་རྩལ་ལུས་སྦྱོང་དང་རྩ་སྒོམ་སླ་བོའི་ལུས་སྦྱོང་སོགས་བྱས་ནའང་ཁྲག་གི་འཁོར་རྒྱུག་ལ་ཕན་ནོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།