中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། བུད་མེད་ཚོའི་བདེ་ཐང་ཐད་ཀྱི་ཉེན་བརྡ་བརྒྱད།
དུས་ཚོད།2019-06-20 09:11:58     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
གཅིག རྐེད་པ་ན་བ། རྐེད་པ་ན་བ་ནི་ལྒང་བུའི་གཉན་ཚད་ཀྱིས་བསླངས་པའི་ནད་རྟགས་ཤིག་ཡིན་པས། ངེས་པར་དུ་སྨན་ཁང་ལ་ཕྱིན་ནས་ཁྲག་དང་གཅིན་པ་སོགས་ལ་བརྟག་དཔྱད་བྱེད་དགོས།
    གཉིས། ཁོང་ཁྲོ་ལང་སླ་བ། ཁོང་ཁྲོ་ལང་སླ་བའི་རྒྱུ་མཚན་ནི་དབང་རྩའི་མ་ལག་གིས་ཨོལ་གོང་གཤེར་རྨེན་གྱི་སྐུལ་རྒྱུ་ལ་གནོད་པ་ཆེས་ཆེར་བཏང་བ་ལས་ཁོང་ཁྲོ་ལང་སླ་ཞིང་སེམས་འགུལ་ཐེབས་སླ་བ། ངུ་སྐྱེན་པ། གཉིད་མི་ཁུག་པ། ཟླ་མཚན་མི་སྙོམས་པ་སོགས་ཀྱི་ནད་འབྱུང་ངེས།
    གསུམ། རྟག་ཏུ་མགོ་ཡུ་འཁོར་བ། དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་ཁྲག་ཤེད་བརྟག་དཔྱད་བྱེད་པ་དང་དུས་མཚུངས་སུ་བཟའ་བཏུང་ལ་སྙོམས་སྒྲིག་དང་ལུས་རྩལ་སྦྱོང་བརྡར་སོགས་བྱེད་དགོས།
   བཞི། ཞོགས་པ་མལ་ལས་ལངས་དུས་མིག་ཟུང་སྐྲངས་ཤིང་མིག་མཐའ་ནག་པོར་གྱུར་པ། གནས་ཚུལ་འདི་ནི་ཡུན་རིང་ཐང་ཆད་པ་ལས་ཐོན་པ་ཞིག་ཡིན་པས། ངེས་པར་དུ་སྨན་ཁང་ལ་ཕྱིན་ནས་མཁལ་མར་བརྟག་དཔྱད་ལེགས་པོ་བྱེད་དགོས།
    ལྔ། དགོང་མོ་རྐང་བ་སྐྲངས་ནས་ཚོར་བ་ཞན་དུ་ཕྱིན་པ། སྣང་ཚུལ་འདི་ནི་དལ་བའི་རང་བཞིན་གྱི་འཕར་རྩ་ཉམས་པའི་ནད་རྟགས་ཡིན་པས། ངེས་པར་དུ་སྔོ་ཚོད་མང་ཙམ་ཟ་བ་དང་ཞོར་དུ་རྐང་བའི་བདེ་སྲུང་གི་རྩལ་སྦྱོང་ལེགས་པོ་བྱེད་དགོས།
    དྲུག རྒྱུན་དུ་རྐང་ལག་ལ་རྩ་འཐེན་བྱུང་བ། སྣང་ཚུལ་འདི་ནི་འཚོ་བཅུད་ཀལ་སོགས་མ་འདང་བ་ལས་ཐོན་པ་ཞིག་ཡིན་པས། ནམ་རྒྱུན་འོ་མ་དང་འོ་མའི་ཐོན་རྫས། སྲོག་ཆགས་ཀྱི་ནང་ཁྲོལ། མཚོ་སྐྱེས་ཐོན་རྫས་སོགས་མང་ཙམ་བཟའ་དགོས།
    བདུན། རྔུལ་ཆུ་ཇེ་མང་དུ་འགྲོ་བ། སྣང་ཚུལ་འདི་ནི་ཁྲག་རྩར་གནོད་སྐྱོན་ཐེབས་པ་ལས་ཐོན་པ་ཞིག་ཡིན་པས། འཇགས་སྨན་གྱི་ཕན་ནུས་མ་ཐོན་ཚེ། སྨན་ཁང་དུ་སོང་ནས་གསོ་བཅོས་བྱས་ན་བཟང་།
    བརྒྱད། ལུས་ཀྱི་ལྗིད་ཚད་ལ་འགྱུར་ལྡོག་བྱུང་བ་དང་། རྒྱུན་དུ་ཁ་སྐོམ་པ། གསང་སྤྱོད་དུ་ཡང་ཡང་འགྲོ་དགོས་པ། སྣང་ཚུལ་འདི་ནི་གཅིན་སྙི་ཟ་ཁུའི་ནད་རྟགས་དང་ཧ་ཅང་འདྲ་བས། སྨན་ཁང་དུ་སོང་ནས་ཁྲག་ལ་བརྟག་དཔྱད་བྱེད་དགོས། གལ་སྲིད་བརྟག་དཔྱད་བྱས་པའི་འབྲས་བུ་རྒྱུན་གཏན་མིན་ཚེ་མངར་ཟས་དང་སྣུམ་ཟས་མ་བསྟེན་ན་བཟང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།