中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ངེས་པར་དུ་ངེས་དགོས་པའི་བདེ་ཐང་འཚོ་བའི་གོམས་གཤིས་བཞི།
དུས་ཚོད།2019-06-20 09:12:31     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
1. ཇ་འཐུང་བ། ཇ་ནི་བདེ་ཐང་གི་བཏུང་བྱའི་གྲས་ཤིག་ཡིན་པ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཡོངས་བསྒྲགས་བྱས་ཡོད་ཅིང་། ཇས་ཕོ་བ་དང་རྒྱུ་མར་ཕན་ནུས་ཐོན་པ་དང་ནད་འགོག་ནུས་པ་གོང་མཐོར་འགྲོ་ཐུབ་ཀྱི་ཡོད་པ་ཚང་མས་ཤེས་གསལ་རེད། ཉིན་ལྟར་ཇ་འཐུང་བའི་གོམས་གཤིས་ཆགས་ཚེ། ལུས་པོའི་བདེ་ཐང་ལ་ཕན་པ་དང་གདོང་པགས་ཇེ་ཡག་ཏུ་འགྲོ་བར་མ་ཟད། སེམས་ཁམས་བརྟན་པོ་དང་གྲུང་ཤའང་དོད་པོར་ཆགས་ཐུབ་ཀྱི་ཡོད།
    2. གོམ་པ་མགྱོགས་པོར་སྤོ་བ། གོམ་པ་མགྱོགས་པོར་སྤོས་ཚེ་ལུས་པོའི་ཤ་གནད་དང་། རྒྱུད་པ། རུས་ཚིགས་བཅས་ལ་རྨས་སྐྱོན་ཕོག་ཚད་དམའ་རུ་འགྲོ་གི་ཡོད། དུས་མཚུངས་སུ་པགས་པ་དང་ཤ་གནད་ཀྱི་ལྷུ་ལག་སྔར་བས་ཇེ་བརྟན་དུ་འགྲོ་བའི་ནུས་པ་ཐོན་གྱི་ཡོད།
    3. གཞས་གཏོང་བ། བློ་རྩེ་གཅིག་སྒྲིམ་གྱིས་གཞས་བཏང་ཚེ་སེམས་ཀྱི་སྡུག་བསྔལ་རྣམས་ཞི་ཞིང་སེམས་ཁམས་ལྷོད་ལ་ཕབ་ཐུབ་ཀྱི་ཡོད། གཞས་གཏོང་སྐབས་དབུགས་འབྱིན་རྔུབ་བྱེད་པ་དང་བསྟུན་ནས་ཁ་རླུང་སོས་པ་མིའི་ལུས་པོའི་ནང་འཐེན་གྱི་ཡོད་པ་དང་། དེས་གློ་བའི་དབང་བོར་སྦྱོང་བརྡར་སྤྲོད་པའི་ཕན་ནུས་ཐོན་གྱི་ཡོད།
    4. གཉིད་འདང་ངེས་ཉལ་བ། ཡུན་རིང་གཉིད་འདང་ངེས་མ་ཁུག་ཚེ་ཀླད་པར་དགོས་ངེས་ཀྱི་ངལ་གསོ་ཐེབས་མི་ཐུབ་ལ། ཀླད་པའི་གསར་གཏོད་ཀྱི་བསམ་བློ་དང་བྱ་དངོས་ལ་དབྱེ་ཞིབ་བྱེད་པའི་ནུས་པ་ཇེ་ཞན་དུ་འགྲོ་བར་མ་ཟད་དྲན་ཤེས་ཉམས་ཀྱི་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།