中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ཚེ་ཐག་རིང་བར་བྱེད་པའི་སྐོར་གྱི་མན་ངག
དུས་ཚོད།2019-06-24 09:33:17     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 སེམས་ཁམས་གསོ་བའི་ཁ་ཕྱོགས་འགྲིག་ན། ལུས་པོ་བདེ་ཐང་དང་ཚེ་ཐག་རིང་བོ་ཡོང་རྒྱུ་ནི་དེ་འདྲའི་དཀའ་མོ་ཞིག་མིན། ཉེ་ཆར་ཨ་མེ་རི་ཁའི ཀློག་པ་པོའི་རྩོམ་ཡིག དྲ་བའི་སྟེང་ཚེ་ཐག་རིང་བར་ཕན་པའི་མན་ངན་འགའ་ཕྱོགས་སྡོམ་བྱས་ཡོད་པ་སྟེ།
    གཅིག བསམ་བློ་ཞིབ་མོ་གཏོང་བ།  བསམ་བློ་ཞིབ་མོ་བཏང་ན་སེམས་ཀྱི་མནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ་པ་མ་ཟད། སྣེ་རྡོག་གི་རིང་ཚད་ཇེ་རིང་དུ་གཏོང་ཐུབ་པས། དེ་ནི་ཕྲ་ཕུང་རིམ་པའི་ཚེ་ཐག་རིང་བའི་མཚོན་རྟགས་ཤིག་རེད། ཉིན་རེར་སྐར་མ 5ནས 10བར་བསམ་བློ་ཞིབ་མོ་བཏང་ན་ཕན་འབྲས་ལེགས་པོ་ཐོན་ཐུབ་ལ། དེ་ལས་གཞན་ད་རུང་ནད་འགོག་རྒྱུད་རྒྱུ་ལ་སྐུལ་སློང་བྱས་ཏེ། གཉན་ཚད་ཇེ་ཉུང་དུ་གཏོང་ཐུབ།
    གཉིས། ཆུ་མང་དུ་འཐུང་བ།  ཆུ་མང་དུ་འཐུང་ན་ཁྲག་གི་འཁོར་རྒྱུག་ཇེ་བཟང་དུ་འགྲོ་བ་དང་། འཚོ་བཅུད་དངོས་པོ་ལུས་སྟེང་དུ་རྒྱུ་བ་དང་བེད་མེད་དངོས་པོ་ཕྱིར་འབུད་གཏོང་བར་སྐུལ་འདེད་བཏང་ནས། སྙིང་དང་མཆིན་པ། མཁལ་མ་སོགས་ཀྱི་མནོན་ཤུགས་ཇེ་ཡང་དུ་གཏོང་བ་མ་ཟད་རྒྱུན་ལྡན་ལྟར་འཁོར་སྐྱོད་ཡོང་བར་ཕན་འདོགས་ཐུབ།
    གསུམ། ཕྱི་རོལ་དུ་འགྲོ་བ།  རྒྱུན་པར་ཕྱི་རོལ་དུ་སོང་ནས་འགུལ་སྐྱོད་བྱས་ན་ཁྲག་ཤེད་ཇེ་དམའ་རུ་འགྲོ་བ་མ་ཟད། སེམས་ཁམས་བདེ་ཐང་ཡོང་བ་དང་དྲན་པ་ཇེ་གསལ་ལ་འགྲོ་བར་ཕན་ཞིང་། རུས་པའི་བདེ་ཐང་ལའང་ཕན།
    བཞི། ལུས་སྟོབས་སྦྱོང་བ།  ཨ་མེ་རི་ཁའི་ཧ་ཧྥོ་སློབ་ཆེན་གྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། གཟའ་འཁོར་རེར་ཐེངས་གཉིས་ལ་ལུས་སྟོབས་སྦྱོང་བའི་བྱ་འགུལ་ནང་ཞུགས་པའི་རྒན་པའི་འཆི་ཉེན 46%ཇེ་དམའ་རུ་སོང་ཡོད་པ་རེད།
    ལྔ། ལག་པ་བཀྲུ་བ།  འདི་ནི་ཚེ་ཐག་རིང་བའི་གོམས་སྲོལ་ལས་ཆེས་སླ་མོ་དེ་རེད། ལག་པ་བཀྲུ་བ་ནི་སྲིན་འབུ་མེད་པར་བཟོ་བ་དང་། ནད་རིགས་སྔོན་འགོག  ནད་རིགས་མི་གཞན་ལ་འགོ་བ་སྔོན་འགོག་བྱེད་པའི་ཐབས་ལམ་ཆེས་བཟང་བོ་ཞིག་རེད།
    དྲུག ཞབས་བྲོ་འཁྲབ་པ།  ཞབས་བྲོ་འཁྲབ་ན་ལུས་པོ་བདེ་ཐང་ཡོང་བར་ཕན་པར་མ་ཟད། སེམས་ཁམས་བདེ་ཐང་ཡོང་བའི་ཐད་ལའང་ནུས་པ་མི་དམན་པ་ཡོད། དེ་མིན་ད་རུང་ཞབས་བྲོ་འཁྲབ་ན་ཀླད་པའི་མཚོ་རྟའི་གཟུགས་ཀྱི་བྱེད་ལས་ལེགས་སྒྱུར་བྱས་ཏེ། ཤེས་རྟོགས་ཀྱི་ནུས་པ་ཉམས་པ་སྔོན་འགོག་བྱེད་ཐུབ།
    བདུན། ཇ་འཐུང་བ།  ཇ་སྣོད་ཀྱི་ནང་དུ་འབྲས་སྐྲན་འགོག་པ་དང་མཁྲིས་རྒྱུ་གཤེར་རྩི་ཇེ་དམའ་རུ་གཏོང་བའི་ནུས་པ་ལྡན་པ་དང་། ཀླད་པར་རང་དབང་རྒྱུ་ཡི་གནོད་འཚེ་ཐེབས་པ་སྔོན་འགོག་བྱེད་ཐུབ་པ་མ་ཟད། རུས་པའི་བདེ་ཐང་ལའང་ཕན་འདོགས་ཐུབ། ཇ་འཐུང་ན་ད་རུང་སྙིང་གི་ཁྲག་རྩའི་ནད་ཀྱི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ།
    བརྒྱད། ཁ་ཚ་ཉུང་ཙམ་བཟའ་བ།  པེ་ཅིན་སློབ་ཆེན་གྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ཁ་ཚ་བའི་ཟས་རིགས་ཉུང་ཙམ་ཟོས་ན་ཤི་བའི་ཉེན་ཁ་ཇེ་དམའ་རུ་འགྲོ་སྲིད། འདི་ནི་སུར་པན་ཁྲོད་ཀྱི་སུར་པན་གཞི་རྒྱུ་ཡིས་ཚེ་ཐག་རིང་བའི་ཐད་ནུས་པ་འདོན་སྤེལ་བྱས་པས་ཡིན་རྒྱུ་རེད།
    དགུ། གྲོགས་པོ་སྒྲིག་པ།  ཁེར་རྐྱང་གི་ཚོར་སྣང་དང་ནད་རིགས་བྱུང་བ་ནི་ཤི་ཚད་ཇེ་མཐོར་འགྲོ་བའི་རྒྱུ་རྐྱེན་ཆེས་གལ་ཆེན་གཉིས་རེད། ཚེ་གང་བོར་སྤྱི་ཚོགས་ཀྱི་འབྲེལ་བ་ལེགས་པོ་རྒྱུན་སྲུང་བྱེད་རྒྱུ་ནི་ཚེ་ཐག་རིང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། རྒྱུན་དུ་གྲོགས་པོ་རྣམས་ལ་ཁ་པར་གཏོང་བའམ་ཡང་ན་ཁྱིམ་དུ་སོང་ནས་འཚམས་འདྲི་བྱ་དགོས།
    བཅུ། གདོང་ལ་འཛུམ་གྱིས་ཁེངས་པ།  དབྱིན་ཇིའི་ལུན་ཏུན་སློབ་ཆེན་གྱི་ཞིབ་འཇུག་ལས་མངོན་པ་ལྟར་ན། གདོང་ལ་འཛུམ་གྱིས་ཁེངས་ན་ནེ་ཧྥོལ་ཐིད་ཕྱིར་གཏོང་བྱས་ཏེ་ཁྲག་ཤེད་ཇེ་དམའ་དང་སེམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ་པས། སྙིང་གི་བདེ་ཐང་ལ་ཕན་ཞིང་རིམས་འགོག་ནུས་པ་ཇེ་དྲག་ཏུ་འགྲོ་བ་དང་། ཚེ་ཐག་རིང་བར་ཡང་ཕན་པ་ཆེན་པོ་ལྡན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།