中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། བདེ་ཐང་གི་ཤེས་བྱ་སུམ་ཅུ་མ།
དུས་ཚོད།2019-07-03 16:10:10     རྩོམ་གྱི་ཡོང་ཁུངས།    ཆུང་། | འབྲིང་། | ཆེ།
1.མིག་མཐའི་ནག་ཐིག་སེལ་ཐབས། སེང་རས་ཀྱི་ཁུག་ཏུ་ཇ་ལོ་བཅུག་ནས་མིག་གི་སྟེང་ལ་བཞག དེ་ལྟར་སྐར་མ 10ནས 15ཙམ་འགོར་རྗེས་ཆུ་འཁྱག་གིས་བཀྲུ་དགོས།
    2.གཟའ་འཁོར་གཅིག་ལ་བྱ་སྒོང་བཞི་ལས་མང་བ་བཟའ་མི་རུང་། མང་དུ་ཟོས་ན་ལུས་པོའི་བདེ་ཐང་ལ་གནོད།
    3.བྱའི་ཨོང་ཤའི་སྟེང་དུ་ནད་སྐྱེད་རྫས་མང་རྐྱེན། རབ་ཡིན་ན་མ་ཟོས་ན་བཟང་།
    4.ཆུ་ཚོད་མང་པོར་གློག་ཀླད་སོགས་ལ་ཅེར་རྗེས། བར་མཚམས་སུ་ངལ་གསོ་བ་དང་མིག་འཕུར་འཕུར་བྱ་དགོས།
    5.གཉིད་ཡུར་བའི་དུས་ཚོད་ཡག་ཤོས་ནི་དགོང་མོའི་ཆུ་ཚོད10ནས་ཞོགས་པའི་ཆུ་ཚོད 7བར་ཡིན།
    6.སྲན་མའི་ཁུ་བ་འཐུང་དུས་བྱ་སྒོང་བཟའ་མི་རུང་། དེའི་ནང་དུ་ཀ་ར་ཡང་གདབ་མི་ཉན།
    7.ཟ་མ་མ་ཟོས་པའི་སྔོན་དུ་ལྡུམ་སྒོང་བཟའ་མི་རུང་། ཟ་མ་ཟོས་རྗེས་བཟའ་དགོས།
    8.ཞོགས་པ་ཡར་ལངས་རྗེས་ཆུ་ཕོར་གང་འཐུང་ན་མཁྲིས་རྡོ་ཆགས་པར་སྔོན་འགོག་བྱ་ཐུབ།
    9.མ་ཉལ་བའི་སྔོན་གྱི་ཆུ་ཚོད་གསུམ་གྱི་ནང་ཟ་མ་བཟའ་མི་རུང་།
    10.འོ་ཇ་ཉུང་ཙམ་འཐུང་ན་བཟང་། མངར་ཚད་འདུས་ཆེ་བ་དང་སྣུམ་ཚད་མཐོ་བས་ཁྲག་ཤེད་མཐོ་བའི་ནད་རིགས་འབྱུང་སླ།
    11.བག་ལེབ་སྲེག་མ་ཐག་ཏུ་བཟའ་མི་རུང་།
    12.གློག་གསོག་ཆས་དང་བར་ཐག་ངེས་ཅན་ཡོད་དགོས།
    13.ཉིན་རེར་ཆུ་ཕོར་བཅུ་འཐུང་ན། ནད་གཞི་སྣ་ཚོགས་རང་སར་འཇོམས།
    14.ཉིན་དཀར་ཆུ་མང་དུ་འཐུང་། མཚན་མོར་ཉུང་ཙམ་བཏུང་དགོས།
    15.རྣ་བ་བསལ་ན་ཀླད་པའི་ཁྲག་རྩ་འཁོར་སྐྱོད་ལ་ཕན།
    16.ཉི་མ་རེར་ཁོ་ཧྥེ་ཕོར་གཉིས་ཡན་བཏུང་མི་རུང་། མང་པོ་འཐུང་ན་གཉིད་མི་ཡོང་ཞིང་ཁོག་མི་བདེ།
    17.སྣུམ་དང་ཚིལ་གྱི་འདུས་ཚད་མཐོ་བའི་ཟས་རིགས་ཉུང་ཙམ་ཟ་དགོས། ཕོ་བའི་ནང་དུ་དེའི་རིགས་ཞུ་བར་ཆུ་ཚོད 5ནས 7ཡན་དགོས།
    18.ཕྱི་དྲོའི་ཚུ་ཚོད 5བའི་རྗེས་ནས་ཟ་མ་མང་བོ་ཟོས་ན་མི་བཟང་། ཆུ་ཚོད 5བའི་རྗེས་སུ་མིའི་ལུས་ལ་ནུས་ཤུགས་མང་བོ་མི་དགོས།
    19.གཉིད་འདང་ངེས་ཤིག་དགོས། རབ་ཡིན་ན་ཉིན་གུང་ཅུང་ཙམ་གཉིད་ན་བཟང་།
    20.བུད་མེད་ལ་ཟླ་མཚན་འབབ་པའི་དུས་སུ་ཇའི་རིགས་བཏུང་མི་རུང་།
    21.ཆང་མང་དུ་འཐུང་ན་ལུས་པོའི་སྟེང་གི་ཕྲ་ཕུང་མང་པོར་བཀག་འགོག་ཐེབས་ནས། འབུ་ཕྲས་ནད་བསྐྱེད་ངེས།
    22.སྨན་ནི་མ་ཉལ་བའི་སྔོན་གྱི་སྐར་མ་སུམ་ཅུའི་ནང་ལ་འཐུང་ན་བཟང་།
    23.སྐྲ་ལྷུང་བའི་རྒྱུ་རྐྱེན་ནི་མཚན་སྐྱེལ་བ་དང་། གནོན་ཤུགས་ཆེ་བ། དུད་ཆང་བསྟེན་པ། སྣུམ་འདུས་ཚད་མཐོ་བའི་ཟ་མ། བྲོ་རྫས་མང་བའི་ཟས་ཟོས་པ་སོགས་ཡིན།
    24.སྐྲ་སྐྱེ་དགོས་ན་སྲན་མའི་རིགས་དང་སྔོ་ཚལ་རིགས་བཟའ་དགོས། མངར་ཆའི་རིགས་བཟའ་མི་རུང་།
    25.ཉིན་རེར་ཚ་ལུ་མའི་ཁུ་བ་ཕོར་གང་འཐུང་ན་གདོང་གི་ནག་ནོག་འཇོམས།
    26.ཀུ་ཤུ་ཟོས་ན་གློ་བ་ལ་ཕན།
    27.དུ་བ་ནི་སྐྲན་ནད་ཀྱི་འབྱུང་ཁུངས་ལྟ་བུ་ཡིན་པས་དུ་བ་བཅད་ན་རང་གཞན་ཀུན་ལ་ཕན།
    28.བུད་མེད་ཀྱིས་ཇ་འཐུང་མི་རུང་བའི་གནས་སྐབས་ལྔ། ཟླ་མཚན་འབབ་དུས། མངལ་སྦྲུམ་པའི་དུས། ཕྲུ་གུ་བཙའ་རན་པའི་དུས། ཕྲུ་གུ་བཙས་མ་ཐག་གི་རྗེས། ལོ་འཁོར་བའི་དུས།
    29.ཆང་མང་དུ་འཐུང་ན་མཆིན་པ་སྲ་འགྱུར་གྱི་སྐྲན་ནད་འབྱུང་སླ།
    30.ཚིལ་སྣུམ་གྱི་འདུས་ཚད་མཐོ་བའི་ཟས་ཟ་མང་ན་ཕོ་བར་སྐྲན་ནད་འབྱུང་ངེས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།