༄༅།། རྒན་པའི་གླེན་ནད་འགོག་པའི་བྱ་ཐབས་དྲུག - ཚན་རྩལ་ཤེས་བྱ། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། རྒན་པའི་གླེན་ནད་འགོག་པའི་བྱ་ཐབས་དྲུག
དུས་ཚོད།2019-07-10 13:32:01     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
རྒན་པའི་གླེན་ནད་ཀྱིས་རྒན་པ་རྣམས་ཀྱི་འཚོ་བའི་སྤུས་ཀར་གནོད་སྐྱོན་ཆེན་པོ་བཏང་སྟེ། ཁྱིམ་མིའི་ལུས་པོ་དང་སེམས་ཁམས་སྟེང་གི་ཁུར་བོ་ཇེ་ལྗིད་དུ་གཏོང་བཞིན་ཡོད། ཉེ་ཆར། དབྱིན་ཇིའིཉིན་རེའི་ཡིག་ཟམ་ཚགས་པརསྟེང་རྒན་པའི་གླེན་ནད་འགོག་པའི་ཐབས་བཀོད་དྲུག་ཕྱོགས་སྡོམ་བྱས་ཡོད་པ་སྟེ།
    གཅིག སྤྱི་ཚོགས་འབྲེལ་འདྲིས་དང་སློབ་སྦྱོང་བྱེད་རྒྱུར་དགའ་བ། རྒྱུན་དུ་གྲོགས་པོ་འགའ་དང་ལྷན་འཛོམས་ཀྱིས་ཤེས་བྱ་གསར་བར་སློབ་སྦྱོང་བྱས་ན་ཀླད་པ་གསོ་བར་ཕན་པ་ཡོད། དབྱིན་ཇིའི་ཨའེ་ཏིང་པའོ་སློབ་ཆེན་གྱི་རྒན་པའི་སེམས་ནད་ཆེད་མཁས་པ་ཁི་ལའེ་ཀའེལའེ་ཆི་ཡིས་བསྟན་དོན། སྤྱི་ཚོགས་འབྲེལ་འདྲིས་བྱས་ན་སེམས་ཁམས་གསོ་ཐུབ་པ་དང་ཤེས་རྟོགས་ནུས་པ་ཉམས་པ་སྔོན་འགོག་བྱེད་ཐུབ་པས། དགའ་ཕྱོགས་གསར་བ་སྐྱེད་སྲིང་བྱས་ཏེ་རིག་པའི་འགྲན་རྩོད་གསར་བ་དང་ལེན་བྱེད་ངེས་པས། རིག་སྟོབས་གསོ་བའི་རོལ་རྩེད་རྩེ་བ་ལས་ཀྱང་ལྡབ་འགྱུར་གྱིས་བཟང་།
   གཉིས། ཤེས་རྟོགས་གསོག་འཇོག་རྒྱ་སྐྱེད་པ། དབྱིན་ཇིའི་ཅན་ཆའོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་ལོ་ཨེརཔུའུ་ལེ་ཨེན་གྱིས་བལྟས་ན། མཐོ་རིམ་སློབ་གསོ་མྱོང་བ་དང་། རྙོག་འཛིང་གི་ལས་ཀར་ཞུགས་པ། སྤྱི་ཚོགས་ཀྱི་བྱ་འགུལ་ལ་ཞུགས་ཚད་མཐོ་བའི་རྒན་པ་རྣམས་ཀྱི་ཤེས་རྟོགས་གསོག་འཇོག་ཧ་ཅང་མཐོ་བས།རྒན་པའི་གླེན་ནད་འབྱུང་ཚད་དམའ་བ་རེད།
   གསུམ། ཨ་སི་ཕི་ལེན་འཐུང་བ། དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་གྱི་དང་བླངས་པ་ཁྲི 1.5དང་འབྲེལ་བའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན།ཨ་སི་ཕི་ལེན་གྱིས་སྙིང་ནད་དང་ཀླད་གྲིབ་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པ་དང་། ནད་རིགས་འདི་གཉིས་ནི་ཤེས་རྟོགས་ནུས་པ་དང་འབྲེལ་བ་དམ་པོ་ཡོད་པས། རྒན་པ་རྣམས་ཀྱིས་སྨན་པའི་མཛུབ་སྟོན་འོག་ཨ་སི་ཕི་ལེན་འཐུང་ཆོག
    བཞི། རྒྱ་མཚོའི་གཏིང་གི་ཉ་རིགས་བཟའ་བ། རྒྱལ་སྤྱིའི་རྒན་པའི་ཤེས་རྟོགས་ནད་རིགས་ཞིབ་འཇུག་ཁྱབ་ཁོངས་ཀྱི་དུས་དེབ་གྲགས་ཅནཨལ་ཟེ་མེར་ནད་སློབ་ཚོགས་དུས་དེབསྟེང་བཀོད་པའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། རྒན་པའི་གླེན་ནད་བྱུང་བའི་ནད་པས་ཨོ་སྨི་ཁ3ཚིལ་སྐྱུར་འཐུང་ན་ཤེས་རྟོགས་ཉམས་པ་སྔོན་འགོག་བྱེད་ཐུབ་པ་དང་། རྒྱ་མཚོའི་གཏིང་གི་ཉ་དང་ཉ་ཚིལ་གྱི་ནང་དུ་དངོས་པོ་དེ་འདུས་པས། རྒན་པ་རྣམས་ཀྱིས་རྒྱ་མཚོའི་གཏིང་གི་ཉ་ཟོས་ན་ཧ་ཅང་བཟང་།
    ལྔ། སྙིང་གི་བྱེད་ནུས་སྲུང་སྐྱོབ་བྱེད་པ།རྒན་པའི་གླེན་ནད་འབྱུང་སླ་བའི་རྒྱུ་རྐྱེན་བདུན་ཡོད་པའི་ནང་གི་ལྔ་བ་ནི་སྙིང་ནད་དང་འབྲེལ་བ་དམ་པོ་ཡོད་པ་རེད། དེས་སྙིང་ལ་སྲུང་སྐྱོབ་བྱས་ན་ཤེས་རྟོགས་ནུས་པ་རྒྱུན་སྲུང་བྱེད་པར་ཕན་པ་མཚོན་ཐུབ་བོ། །
    དྲུག འོས་འཚམ་གྱི་ལུས་སྦྱོང་རྒྱུན་འཁྱོངས་བྱེད་པ། རྒན་པའི་གླེན་ནད་ལ་ཞིབ་འཇུག་བྱེད་མཁན་གྱི་ཆེད་མཁས་པ་ཡོངས་ཀྱིས་བསྟན་དོན།འོས་འཚམ་གྱི་ལུས་སྦྱོང་བྱེད་པ་ནི་རྒན་པའི་གླེན་ནད་སྔོན་འགོག་བྱེད་ཐབས་ལས་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན་པར་མ་ཟད། ལུས་སྦྱོང་གི་གོ་རིམ་ཁྲོད་ད་རུང་སྤྱི་ཚོགས་འབྲེལ་འདྲིས་ཀྱང་བྱེད་ཐུབ་པ་བཅས་སོ། །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།