中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། བྱིས་པར་སྟེར་མི་རུང་བའི་ཟས་རིགས་འགའ།
དུས་ཚོད།2019-07-15 08:32:51     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
1.ཆང་དང་ཆང་འདྲེས་པའི་ཟས་རིགས།
    དཔེར་ན་ཆང་བཅུད་འདྲེས་པའི་ཁྲོག་ལེ་ལྟ་བུའི་ཟས་རིགས། བྱིས་པའི་མཆིན་པ་ད་དུང་སྐྱེ་འཕེལ་ལེགས་པོ་བྱུང་མེད་པའི་དབང་གིས། མཆིན་པའི་ཆང་བཅུད་ཀྱི་དུག་སེལ་ནུས་པ་བལྟོས་བཅས་ཀྱིས་ཞན་པ་དང་། གལ་ཏེ་ཆང་འཐུང་བ་ཡིན་ན་མཆིན་པར་གནོད་པའམ་ཚད་ལས་བརྒལ་ཏེ་དྲན་པ་ཐོར་བ་སོགས་ནད་རྟགས་ལྕི་མོ་འབྱུང་སྲིད།
    2.ཇ།
    ལོ 6མན་གྱི་བྱིས་པས་ཇ་མ་བཏུང་ན་ལེགས། གང་ལགས་ཞེ་ན། ཇའི་ནང་གི་ཁ་ཧྥེ་རྒྱུ་སོགས་ཀྱིས་དཀྱིལ་གཞུང་དབང་རྩའི་མ་ལག་ཟིང་ཟིང་པོར་འགྱུར་དུ་བཅུག་སྟེ། གཉིད་ལ་ཤུགས་རྐྱེན་བཟོ་སྲིད།
    གཞན་ཡང་། ཇའི་ནང་གི་ཏན་ཉིང་སྐྱུར་གྱིས་འཇུ་བྱེད་མ་ལག་གི་འབྱར་སྐྱི་འཁུམ་འདུ་བྱེད་དུ་འཇུག་སྲིད་པས། འཚོ་བཅུད་དངོས་པོའི་བསྡུ་ལེན་ལ་ཤུགས་རྐྱེན་བཟོ་བ་དང་ཡི་ག་ཇེ་ཞན་དུ་སོང་སྟེ། འཇུ་སྟོབས་ཞན་པའི་ནད་རྟགས་དང་། ད་དུང་ཁྲག་ཞན་འབྱུང་སླ།
    3.སྦྲང་རྩི།
    ལོ 1མན་གྱི་ཕྲུ་གུས་སྦྲང་རྩི་བཟས་ན་འཚམ་པོ་མེད། གང་ལགས་ཞེ་ན། སྦྲང་རྩི་ནི་དུག་སེལ་བྱེད་དཀའ་བའི་ཟས་རིགས་སུ་གཏོགས་པ་དང་། དེའི་ཁྲོད་དུ་རྟག་པར་འཕང་དབྱིབས་ཤ་དུག་ནར་སྲིན་མྱུག་ཕུང་འདུས་ཡོད།
    རྒྱུ་ལམ་དང་ནད་འགོག་མ་ལག་ད་དུང་ནར་སོན་མེད་པའི་ལོ 1མན་གྱི་བྱིས་པས་སྦྲང་རྩི་ཟོས་རྗེས། རྒྱུ་མའི་ནང་དུ་སྐྱེ་འཕེལ་འབྱུང་བར་མ་ཟད་དབང་རྩའི་དུག་རྒྱུ་རིགས་ཤིག་ཐོན་ཏེ།  བྱིས་པའི་ཤ་དུག་ནར་སྲིན་ནད་སློང་བ་དང་། ཕྲུ་གུའི་དབང་རྩའི་ཤ་གྲིམ་སྙོམས་ཤོར་དང་ཐ་ན་དབུགས་ལམ་མ་ལག་གི་ནུས་པ་ཤོར་སྲིད།
    4.བ་དམ་སོགས་མཁྲེགས་འབྲས་རིགས།
    ཕྲུ་གུའི་མིད་པའི་ནུས་པ་ཡོངས་སུ་སྨིན་མེད་པས། ཤུན་མཁྲེགས་ཤིང་འབྲས་མིད་པའི་སྐབས་སུ་མིད་པ་འགག་སླ།
    5.ཐཱང་ཡོན་དང་ཐུད་ཟས།
    ཟས་འདིའི་རིགས་འཇུ་མི་སླ་བས་ཕོ་རྒྱུར་གནོད་པ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཕྲུ་གུ་ཆུང་ཆུང་གིས་ཟ་དུས་མིད་པའི་ནང་འགག་སྟེ་དབུགས་འབྱིན་རྔུབ་བྱེད་པར་འགོག་རྐྱེན་བཟོ་སྲིད་པས། ལོ 3མན་གྱི་ཕྲུ་གུར་ཐུད་ཟས་སོགས་ཟ་རུ་མ་བཅུག་ན་ལེགས།
    6.ཚྭ་ལྡན་སྔོ་ཚལ་སོགས་བསྙལ་བཟོས་ཟས་རིགས།
    བསྙལ་བའི་ཟས་རིགས་མང་བོའི་ནང་ཚྭ་འབོར་ཆེན་ཡོད་པས། ཕྲུ་གུ་ཆུང་ཆུང་གི་མཁལ་མ་ལ་མཚོན་ན། ཁུར་པོ་ལྕི་དྲགས་པ་དང་། དེས་ཕྲུ་གུར་མ་འོངས་པར་ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་འབྱུང་ཉེན་བཟོ་སྲིད་པ་དང་། དུས་མཚུངས་སུ་བསྙལ་བཟོས་ཟས་རིགས་འགའ་ཞིག་གི་ཁྲོད་ཟེ་སྐྱུར་ཚྭ་ཕལ་བ་མང་བོ་ཡོད་པས། དེ་ནི་སྐྲན་འབྱུང་དངོས་རྒྱུ་ཡིན་པ་དང་། གལ་ཏེ་ཐེངས་གཅིག་ལའང་ཟ་རྒྱུ་མང་ན་ཉེན་ཁ་ཆེན་པོ་ཡོད།
    7.མཚོ་ཟས།
    སྡིག་སྲིན་སོགས་མཚོ་ཟས་ནང་དུ་སྤྲི་དཀར་རྫས་འབོར་ཆེན་དང་མཁྲིས་རྒྱུ་གཤེར་རྩི་ཅུང་མཐོ་བས། ཚོར་ཐལ་གཟུགས་གཞི་ཅན་གྱི་མིར་མཚོན་ན། ཚོར་ཐལ་འབྱུང་སླ་བ་དང་། ཐ་ན་ཟྭ་འབྲུམ་ཡང་འབྱུང་སྲིད།
    གལ་ཏེ་བྱིས་པར་དབུགས་འཚང་བའི་ནད་ཕོག་ཡོད་ན། མཚོ་ཟས་ཟོས་རྗེས་དབུགས་འབྱིན་རྔུབ་དཀའ་བའི་ནད་ཡང་བསྐྱར་འབྱུང་ཉེན་ཡོད་པ་དང་། གོང་གི་ནད་རྟགས་དེ་དག་མེད་ན་ཡང་བྱིས་པར་མཚོ་ཟས་མང་བོ་ཟ་རུ་འཇུག་མི་རུང་།
    8.ནུས་ལྡན་བཏུང་བྱ།
    ནུས་ལྡན་བཏུང་བྱའི་གྲུབ་ཆར་དམིགས་བསལ་གྱི་རང་བཞིན་ཡོད་པ་དང་། སྤྱིར་བཏང་དུ་ལུས་རྩལ་བ་དང་། ལུས་ཤུགས་ཟད་གྲོན་ཆེ་བའི་དམིགས་བསལ་གྱི་མི་ཚོགས་ལ་འཚམ་པོ་ཡོད།
    བྱིས་པར་གོང་གི་ཆ་རྐྱེན་དེ་དག་མི་འཛོམས་པར་མ་ཟད། ད་དུང་ནུས་ལྡན་བཏུང་བྱའི་ཡོངས་ཁྱབ་གྲུབ་ཆའི་ནང་གི་གྲུབ་ཆ་ཁ་ཤས་ནི་བྱིས་པར་འཚམ་པོ་མེད་པས། ལུས་ཕུང་སྐྱེ་འཚར་དང་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།