中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ནོར་ལུག་ལ་སྤོས་འགྱིག་རིགས་ཀྱི་ཐོན་རྫས་ཟ་རུ་འཇུག་མི་རུང་།
དུས་ཚོད།2019-08-11 16:55:08     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 གྲོང་གསེབ་ཏུ་རྫས་འགྱུར་ཚི་སྣའི་སྤོས་འགྱིག་གི་བཟོས་པའི་ཐོན་རྫས་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད་ཅིང་། དེར་བསྟུན་ནོར་ལུག་གིས་རྫས་འགྱུར་ཚི་སྣའི་སྤོས་འགྱིག་གི་ཐོན་རྫས་ཟས་ནོར་བྱས་ཏེ་ཕོ་བའི་ནད་བྱུང་བ་ཇེ་མང་ཡིན་ལ། ནད་ཡང་བའི་རིགས་ནི་འཚར་ལོངས་བྱུང་བ་དང་ལུས་ཟུང་སད་པ་སོགས་བྱེད་ཅིང་། ལྕི་བའི་རིགས་ནི་འཆི་བ་ཡིན།
    ནོར་ནག་གི་ཕོ་འབུར་ལ་རྩི་ཤིང་གི་ཆི་སྣ་དང་སིང་ཕྱེ། མངར་ཆའི་རིགས། སྤྲི་དཀར་བཅས་འཇུ་བའི་ནུས་པ་མ་གཏོགས་མེད་ལ། སྐྱུག་ལྡད་བྱས་ཀྱང་སྲ་མཁྲེགས་ལྡན་པའི་རྫས་འགྱུར་ཚི་སྣ་དང་སྤོས་འགྱིག་གི་ཐོན་རྫས་བཅས་ནི་ལེགས་པོར་འཇུ་མི་ནུས། དེར་བརྟེན། ནོར་ལུག་ལྟོགས་སྐོམ་གྱིས་མནར་བའི་གནས་ཚུལ་འོག རྫས་འགྱུར་ཚི་སྣ་དང་སྤོས་འགྱིག་གི་ཐོན་རྫས་ཟས་ནོར་བྱས་ན། ཕོ་བའི་བུ་ག་འགག་པར་བྱས་པས། དབང་རྩ་ཕལ་བར་ངར་ལངས་ནས་རྩ་འཁུམ་རང་བཞིན་གྱི་འཁུམ་འདུ་བྱུང་ཞིང་། ནད་ཕྱུགས་ཀྱི་ཕོ་བ་མི་བདེ་བར་འགྱུར།  དབུགས་འབྱིན་རྔུབ་དང་འཁོར་སྐྱོད་ལའང་ཕོ་འབུར་རྒྱ་བསྐྱེད་པའི་རྐྱེན་གྱིས་གནོད་སྐྱེལ་བ་ཡིན། དེ་དང་མཉམ་དུ་ཕོ་བའི་ནང་གི་དངོས་པོའི་རྒྱུན་འགལ་དང་རུལ་སུངས་ཀྱི་དབང་གིས་དུག་ལྡན་དངོས་རྫས་འབོར་ཆེན་བྱུང་ནས་རང་ལུས་ལ་དུག་འཕོག་པ་ཡིན།
   སྤྱིར་བཏང་ནད་འདི་རིགས་ལ་སྨན་གྱིས་གསོ་བཅོས་བྱས་ན་ནུས་པ་ཐོན་མི་ཐུབ་པས། དུས་ཐོག་ཏུ་གཤགས་བཅོས་བྱས་ནས་གསོ་བཅོས་བྱ་དགོས། ནད་འདི་རིགས་སྔོན་འགོག་བྱ་ཆེད། རྒྱུན་ལྡན་གྱི་གསོ་སྐྱོང་གོ་རིམ་ཁྲོད་དུ། རབ་ཡིན་ན་གཟན་ཆས་དུས་ལྟར་བྱིན་ནས་གསོ་དགོས་ལ། རྫས་འགྱུར་ཚི་སྣ་དང་སྤོས་འགྱིག་གི་ཐོན་རྫས་དོ་དམ་ལེགས་པོ་བྱེད་པ་ནི་ནད་འདི་འབྱུང་བར་སྔོན་འགོག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ནོ།།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།