中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། དེང་རབས་ཀྱི་སྤྱི་ཚོགས་ཁྲོད་ན་སོ་དར་ལ་མ་བབས་པའི་ཕྲུ་གུར་གནོན་ཤུགས་མང་བོ་འཕྲད་ཀྱི་ཡོད།
དུས་ཚོད།2019-08-22 16:36:49     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ཁྱིམ་བདག་གིས་ཕྲུ་གུའི་གནོན་ཤུགས་ཆུང་དུ་གཏོང་མཁས་པོ་བྱ་དགོས། དེང་རབས་ཀྱི་སྤྱི་ཚོགས་ཁྲོད་ན་སོ་དར་ལ་མ་བབས་པའི་ཕྲུ་གུར་གནོན་ཤུགས་མང་བོ་འཕྲད་ཀྱི་ཡོད། དཔེར་ན། སློབ་གྲྭ་འགྲིམ་པའི་གནོན་ཤུགས་དང་། རྒྱུགས་སྤྲོད་ཀྱི་གནོན་ཤུགས། དགའ་ཕྱོགས་འཛིན་གྲྭའི་གནོན་ཤུགས་སོགས་ཡོད། གནོན་ཤུགས་དེ་དག་མ་གཞི་ཆེན་པོ་མེད་ཀྱང་ཕྲུ་གུར་དཀའ་ངལ་མི་ཉུང་ཞིག་བཟོ་བ་མ་ཟད། ཐ་ན་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཤུགས་རྐྱེན་བཟོ་གི་ཡོད། གནོན་ཤུགས་མང་བོའི་ཁྲོད་དུ་ཕ་མས་ནུས་པ་གལ་ཆེན་ཐོན་གྱི་ཡོད། ང་ཚོས་རྟག་ཏུ“ཕ་མ་ནི་ཕྲུ་གུའི་དགེ་རྒན་ཡག་ཤོས་རེད”ཅེས་བརྗོད་ཀྱི་ཡོད། འོན་ཀྱང་སྐབས་རེ་ཕ་མ་ནི་གནོན་ཤུགས་སྤྲོད་མཁན་གཙོ་བོ་དེ་རེད། ཕ་མའི་ལས་འགན་ཆེ་ཤོས་ནི་ཕྲུ་གུའི་སློབ་སྦྱོང་དང་འཚོ་བའི་བསམ་ཚུལ་དང་མྱོང་ཚོར་ལ་དོ་སྣང་མང་ཙམ་བྱས་ཏེ་ཕྲུ་གུར་གནོན་ཤུགས་ཆེན་པོ་མི་འཕྲད་པ་བྱེད་པ་དང་ཕྲུ་གུ་དང་མཐུན་སྦྱོར་ཡག་པོ་བྱེད་པ་དང་ཕྲུ་གུས་ཕ་མའི་སློབ་གསོ་གཏོང་སྟངས་ལ་བསམ་ཤེས་ཐུབ་པ་བྱ་དགོས། དེ་ལྟར་བྱུང་ཚེ་གཞི་ནས་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། སྨྱུག་འཛིན་པའི་ཉེ་འགྲམ་དུ་ཕ་མ་མང་བོ་ཞིག་གིས་ཕྲུ་གུ་ཟབ་སྦྱོང་འཛིན་གྲྭ་སྣ་ཚོགས་ལ་གཏོང་བ་དང་ཕྲུ་གུ་ལོ་བརྒྱད་དགུ་ཙམ་ལ་མ་སླེབས་ཀྱང་ཁོང་ཚོའི་སྦྱངས་འབྲས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཕ་མ་མང་བོ་ཞིག་གིས་སོ་སོའི་ཕྲུ་གུའི་ཆེད་དུ་གནོན་ཤུགས་སྤྲོད་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས“ཐལ་ཆེ་ན་ཕྱིན་ཅི་ལོག་པའི”གནས་ལུགས་རྟོགས་དགོས། གནོན་ཤུགས་འོས་འཚམ་སྤྲད་ན་ཕྲུ་གུར་ཡར་སྐུལ་བྱ་ཐུབ། གལ་སྲིད་གནོན་ཤུགས་ཆེ་དྲགས་ན་ཕྲུ་གུས་གནོན་ཤུགས་ལ་རྒོལ་ལན་སྤྲོད་སྲིད། དེར་བརྟེན་ཁྱིམ་བདག་གིས་ངེས་པར་དུ་བསམ་གཞིག་ལེགས་པས་ཏེ་གནོན་ཤུགས་སྤྲོད་ཚད་ལ་ཚོད་འཛིན་ཡག་པོ་བྱས་ནས་ཕྲུ་གུར་དོན་མེད་ཀྱི་གནོན་ཤུགས་སྤྲོད་མི་རུང་། ཁྱིམ་བདག་གཅིག་གི་ངོས་ནས་བརྗོད་ན་ཐོག་མར་སེམས་ཁམས་ཞི་དུལ་ཞིག་དགོས། དེ་ནས་ཕྲུ་གུའི་དོན་དངོས་དང་བསྟུན་ནས་འོས་འཚམ་གྱི་དམིགས་ཚད་བཟོ་དགོས་པ་ལས་གཞན་དང་བསྡུར་རེས་གཏན་ནས་བྱ་རྒྱུ་མེད། དཔེར་ན། ཕྲུ་གུ་གཅིག་གིས་ཇི་ལྟར་འབད་བརྩོན་བྱས་ཀྱང་སྒྲུབ་མི་ཐུབ་པའི་དམིགས་ཚད་ཅིག་གཏན་ཁེལ་བྱེད་པའམ་ཡང་ན“མི་གཞན་གྱི་ཕྲུ་གུ”དང་རང་ཉིད་ཀྱི་ཕྲུ་གུའི་དབར་བསྡུར་བ་བྱས་ཚེ། རང་ཉིད་ཀྱི་ཕྲུ་གུར་དོན་མེད་པའི་གནོན་ཤུགས་སྤྲོད་སྲིད། ཡུན་རིང་སོང་ན་ཕྲུ་གུར་རིམ་བཞིན་ཕམ་ཉེས་ཀྱི་ཚོར་སྣང་ཞིག་སྐྱེས་ནས་གནོན་ཤུགས་ཇེ་ཆེར་སོང་བ་དང་ཐ་ན་ཕྲུ་གུའི་བརྩོན་སེམས་རྦད་དེ་ཉམས་ནས་སློབ་སྦྱོང་བློས་གཏོང་བྱེད་སྲིད། ཕྲུ་གུ་སློབ་སྦྱོང་བྱེད་པའི་སྐབས་སུ་སུན་སྣང་གི་རྣམ་འགྱུར་ཐོན་སྐབས་འཕྲལ་མར་ཕྲུ་གུའི་བསམ་ཚུལ་ཉན་དགོས། ཁྱེད་ཀྱིས་ནན་ཏན་ངང་ཁོང་ཚོའི་བསམ་ཚུལ་ཉན་ཚེ་གཞི་ནས་ཕྲུ་གུའི་བསམ་ཚུལ་རྟོགས་ཐུབ་པ་དང་དམིགས་སའི་རང་བཞིན་གྱི་སྒོ་ནས་ཕྲུ་གུར་གནོན་ཤུགས་ཆུང་དུ་གཏོང་ཐུབ་ལ་ཕྲུ་གུ་དཀའ་གནས་ལས་སྒྲོལ་ཐུབ།། 
    དེང་རབས་ཀྱི་སྤྱི་ཚོགས་ཁྲོད་ན་སོ་དར་ལ་མ་བབས་པའི་ཕྲུ་གུར་གནོན་ཤུགས་མང་བོ་འཕྲད་ཀྱི་ཡོད། དཔེར་ན། སློབ་གྲྭ་འགྲིམ་པའི་གནོན་ཤུགས་དང་། རྒྱུགས་སྤྲོད་ཀྱི་གནོན་ཤུགས། དགའ་ཕྱོགས་འཛིན་གྲྭའི་གནོན་ཤུགས་སོགས་ཡོད། གནོན་ཤུགས་དེ་དག་མ་གཞི་ཆེན་པོ་མེད་ཀྱང་ཕྲུ་གུར་དཀའ་ངལ་མི་ཉུང་ཞིག་བཟོ་བ་མ་ཟད། ཐ་ན་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཤུགས་རྐྱེན་བཟོ་གི་ཡོད།
    གནོན་ཤུགས་མང་བོའི་ཁྲོད་དུ་ཕ་མས་ནུས་པ་གལ་ཆེན་ཐོན་གྱི་ཡོད། ང་ཚོས་རྟག་ཏུ“ཕ་མ་ནི་ཕྲུ་གུའི་དགེ་རྒན་ཡག་ཤོས་རེད”ཅེས་བརྗོད་ཀྱི་ཡོད། འོན་ཀྱང་སྐབས་རེ་ཕ་མ་ནི་གནོན་ཤུགས་སྤྲོད་མཁན་གཙོ་བོ་དེ་རེད། ཕ་མའི་ལས་འགན་ཆེ་ཤོས་ནི་ཕྲུ་གུའི་སློབ་སྦྱོང་དང་འཚོ་བའི་བསམ་ཚུལ་དང་མྱོང་ཚོར་ལ་དོ་སྣང་མང་ཙམ་བྱས་ཏེ་ཕྲུ་གུར་གནོན་ཤུགས་ཆེན་པོ་མི་འཕྲད་པ་བྱེད་པ་དང་ཕྲུ་གུ་དང་མཐུན་སྦྱོར་ཡག་པོ་བྱེད་པ་དང་ཕྲུ་གུས་ཕ་མའི་སློབ་གསོ་གཏོང་སྟངས་ལ་བསམ་ཤེས་ཐུབ་པ་བྱ་དགོས། དེ་ལྟར་བྱུང་ཚེ་གཞི་ནས་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།
    སྨྱུག་འཛིན་པའི་ཉེ་འགྲམ་དུ་ཕ་མ་མང་བོ་ཞིག་གིས་ཕྲུ་གུ་ཟབ་སྦྱོང་འཛིན་གྲྭ་སྣ་ཚོགས་ལ་གཏོང་བ་དང་ཕྲུ་གུ་ལོ་བརྒྱད་དགུ་ཙམ་ལ་མ་སླེབས་ཀྱང་ཁོང་ཚོའི་སྦྱངས་འབྲས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཕ་མ་མང་བོ་ཞིག་གིས་སོ་སོའི་ཕྲུ་གུའི་ཆེད་དུ་གནོན་ཤུགས་སྤྲོད་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས“ཐལ་ཆེ་ན་ཕྱིན་ཅི་ལོག་པའི”གནས་ལུགས་རྟོགས་དགོས། གནོན་ཤུགས་འོས་འཚམ་སྤྲད་ན་ཕྲུ་གུར་ཡར་སྐུལ་བྱ་ཐུབ། གལ་སྲིད་གནོན་ཤུགས་ཆེ་དྲགས་ན་ཕྲུ་གུས་གནོན་ཤུགས་ལ་རྒོལ་ལན་སྤྲོད་སྲིད། དེར་བརྟེན་ཁྱིམ་བདག་གིས་ངེས་པར་དུ་བསམ་གཞིག་ལེགས་པས་ཏེ་གནོན་ཤུགས་སྤྲོད་ཚད་ལ་ཚོད་འཛིན་ཡག་པོ་བྱས་ནས་ཕྲུ་གུར་དོན་མེད་ཀྱི་གནོན་ཤུགས་སྤྲོད་མི་རུང་།
    ཁྱིམ་བདག་གཅིག་གི་ངོས་ནས་བརྗོད་ན་ཐོག་མར་སེམས་ཁམས་ཞི་དུལ་ཞིག་དགོས། དེ་ནས་ཕྲུ་གུའི་དོན་དངོས་དང་བསྟུན་ནས་འོས་འཚམ་གྱི་དམིགས་ཚད་བཟོ་དགོས་པ་ལས་གཞན་དང་བསྡུར་རེས་གཏན་ནས་བྱ་རྒྱུ་མེད། དཔེར་ན། ཕྲུ་གུ་གཅིག་གིས་ཇི་ལྟར་འབད་བརྩོན་བྱས་ཀྱང་སྒྲུབ་མི་ཐུབ་པའི་དམིགས་ཚད་ཅིག་གཏན་ཁེལ་བྱེད་པའམ་ཡང་ན“མི་གཞན་གྱི་ཕྲུ་གུ”དང་རང་ཉིད་ཀྱི་ཕྲུ་གུའི་དབར་བསྡུར་བ་བྱས་ཚེ། རང་ཉིད་ཀྱི་ཕྲུ་གུར་དོན་མེད་པའི་གནོན་ཤུགས་སྤྲོད་སྲིད། ཡུན་རིང་སོང་ན་ཕྲུ་གུར་རིམ་བཞིན་ཕམ་ཉེས་ཀྱི་ཚོར་སྣང་ཞིག་སྐྱེས་ནས་གནོན་ཤུགས་ཇེ་ཆེར་སོང་བ་དང་ཐ་ན་ཕྲུ་གུའི་བརྩོན་སེམས་རྦད་དེ་ཉམས་ནས་སློབ་སྦྱོང་བློས་གཏོང་བྱེད་སྲིད།
    ཕྲུ་གུ་སློབ་སྦྱོང་བྱེད་པའི་སྐབས་སུ་སུན་སྣང་གི་རྣམ་འགྱུར་ཐོན་སྐབས་འཕྲལ་མར་ཕྲུ་གུའི་བསམ་ཚུལ་ཉན་དགོས། ཁྱེད་ཀྱིས་ནན་ཏན་ངང་ཁོང་ཚོའི་བསམ་ཚུལ་ཉན་ཚེ་གཞི་ནས་ཕྲུ་གུའི་བསམ་ཚུལ་རྟོགས་ཐུབ་པ་དང་དམིགས་སའི་རང་བཞིན་གྱི་སྒོ་ནས་ཕྲུ་གུར་གནོན་ཤུགས་ཆུང་དུ་གཏོང་ཐུབ་ལ་ཕྲུ་གུ་དཀའ་གནས་ལས་སྒྲོལ་ཐུབ།།  
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།