中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། དབྱར་ཁར་དངོས་པོ་འདི་དག་རླངས་འཁོར་དུ་མ་འཇོག
དུས་ཚོད།2019-08-26 11:01:19     རྩོམ་གྱི་ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ཉེ་ཆར། ཐའེ་ཝན་ཐའེ་ཀྲུང་གི་འགྲུལ་སྐྱེལ་རླངས་འཁོར་ཆུང་ངུ་ཞིག་གི་ཁ་ལོ་བས་གཏེར་ཆུ་དམ་བེ་གཉིས་རླངས་འཁོར་གྱི་དཔྱད་མཇལ་ཡོ་ཆས་སྟེགས་བུའི་གོང་གི་འདྲེད་འགོག་གདན་ཐོག་ཏུ་བཞག་པས། རླངས་འཁོར་ནང་གི་དངོས་པོ་མེར་ཤོར་ནས་རླུང་འགོག་ཤེལ་སྒོ་རང་སར་གས་པ་རེད། (མིར་ཤི་རྨས་བྱུང་མེད།) གཏེར་ཆུའི་དམ་བེ་དཔྱད་མཇལ་ཡོ་ཆས་སྟེགས་བུའི་སྟེང་དུ་བཞག་ན་རླངས་འཁོར་ནང་གི་དངོས་པོ་འབར་དུ་འཇུག་ཐུབ་བམ། དེའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།
ལག་རྩལ་མི་སྣས་བརྡར་ཤ་བཅད་པ་ལྟར་ན། མ་གཞི་ཉི་མ་ཡར་འཕགས་རྗེས། འོད་ཐིག་དེ་རླངས་འཁོར་གྱི་སྒེའུ་ཁུང་ནས་རླངས་འཁོར་ནང་དུ་འཕྲོས་ཏེ་གཏེར་ཆུ་དམ་བེའི་མཐའ་འགྲམ་བརྒྱུད་འོད་ཐིག་འདྲེད་འགོག་གདན་སྟེང་དུ་འདུས་པ་རེད། སྤྱིར་བཏང་དུ་ཉིན་གུང་མེ་ཁ་ཟུམ་པའི་རླངས་འཁོར་ནང་གི་ཁ་དམ་པའི་བར་སྟོང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ70ལ་སླེབས་ཀྱིན་ཡོད་པ་དང་དཀྱོག་འཕྲོའི་འོད་མཉམ་དུ་འདུས་པ་བརྒྱུད་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ120ལ་འཕར་གྱིན་ཡོད། འདྲེད་འགོག་གདན་གྱི་འབར་ཚད་དམའ་བ་དང་དེ་བཞིན་འཛིན་ཤོག་གིས་འབར་རོགས་བྱས་པས་མེ་འབར་བ་རེད། གསལ་པོར་བཤད་ན། གཏེར་ཆུའི་དམ་བེ་རང་སྟེང་ནས་མེ་འབར་མི་སྲིད་མོད། འོན་ཀྱང་དེས་འོད་ཐིག་གི་དཀྱོག་འཕྲོ་ལ་མདོ་གནས་ཀྱི་ནུས་སྣང་བསྐྱེད་དེ། རླངས་འཁོར་ནང་གི་འདྲེད་འགོག་གདན་མེ་རུ་བསྒྲོན་སྲིད།
གཅིག གློག་གསོག་ཆས།
གློག་གསོག་ཆས་རླངས་འཁོར་ནང་དུ་འཇོག་མི་རུང་། དབྱར་ཁར་དྲོད་ཚད་མཐོ་ཞིང་འཁོར་སྒྲོམ་ནང་དུ་རླུང་མི་རྒྱུ་བ་དང་། དྲོད་ཚད་མཐོ་བའི་ཉི་མར་ལྡེ་བའི་གནས་ཚུལ་འོག གློག་གསོག་ཆས་ནང་གི་གློག་སྨན་ལ་འབར་གས་འབྱུང་བའི་ཉེན་ཁ་ཡོད།
ཁྲོམ་རར་ལྟ་སྐུལ་དོ་དམ་ནུས་ལྡན་མེད་པའི་དབང་གིས་འཛད་སྤྱོད་པས་རྒྱུན་དུ་སྤུས་ཞན་གྱི་གློག་གསོག་ཆས་ཉོ་བཞིན་ཡོད་ལ། གློག་གསོག་ཆས་ཀྱིས་ཁ་པར་ལ་གློག་གསོག་སྐབས་འབར་གས་བྱུང་བའི་གསར་འགྱུར་ཡང་རྒྱུན་དུ་མཐོང་རྒྱུ་ཡོད། གང་ལྟར། གློག་གསོག་ཆས་རླངས་འཁོར་ནང་དུ་འཇོག་མི་རུང་།
གཉིས། མེ་ཆ།
མེ་ཆ་ནི་འབར་སླ་བའི་དངོས་རྫས་སུ་གཏོགས། ཁྲོམ་རའི་ཐོག་ཕྱིར་ཚོང་བྱེད་ཀྱིན་པའི་མེ་ཆའི་སྤུས་མི་སྙོམས་པས། གལ་ཏེ་མེ་ཆ་རླུང་འགོག་ཤེལ་སྒོའི་མདུན་དུ་གཡུགས་ནས་ཉི་འོད་དྲག་པོ་ཕོག་ཏུ་བཅུག་ཚེ་རླངས་འཁོར་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ55ལ་སླེབས་པ་དང་། སྐབས་དེར་མེ་ཆ་སྦོས་ཏེ་འབར་གས་འབྱུང་སྲིད།
གསུམ། ཐན་སྐྱུར་བཏུང་བྱ།
ཐན་སྐྱུར་རིགས་ཀྱི་བཏུང་བྱ་ཅུང་འགུལ་ཙམ་བྱས་ན་དམ་བེ་སྦས་ཡོང་གི་རེད། རླངས་འཁོར་ནང་དུ་བཞག་ནས་ཚ་སྦོས་གྲང་འཁུམ་བྱས་ན་འབར་གས་འབྱུང་སླ།
བཞི། དྲི་ཞིམ་ཆུ།
རླངས་འཁོར་གྱི་དྲི་ཞིམ་ཆུ་ཁ་ཤས་ཀྱིས་དྲོད་ཚད་མཐོན་པོའི་འོག་ཏུ་དུག་ལྡན་དངོས་རྫས་མང་པོ་ཞིག་ཕྱིར་བཏོན་ཏེ་མིའི་ལུས་ཕུང་བདེ་ཐང་ལ་གནོད་པ་བཟོ་སྲིད། ཁ་དམ་པའི་འཁོར་སྒྲོམ་ནང་དུ་རླུང་གཟུགས་ཕྱིར་འབུད་བྱེད་ཐབས་བྲལ་བ་དང་། དུས་དང་རྣམ་པ་ཀུན་ཏུ་འབར་གས་འབྱུང་བའི་ཉེན་ཁ་ཡོད། ལྷག་པར་དུ་ཤེལ་གྱི་རྒྱུ་ཆའི་དྲི་ཞིམ་རྫས་ཀྱི་བླུགས་སྣོད་དེ་རིགས་འགས་གཏོར་བྱས་རྗེས་མི་ལ་གནོད་པ་བཟོ་སྲིད།
ལྔ།ལྟ་ཤེལ།
ལྟ་ཤེལ་གང་འདོད་དུ་རླངས་འཁོར་ནང་དུ་བཞག་པ་ཡིན་ན། དབྱར་དུས་ཉི་འོད་ཡུན་རིང་ཕོག་རྗེས་འོད་ཐིག་གཅིག་ཏུ་འདུས་ཏེ་མདོ་གནས་ཀྱི་དྲོད་ཚད་མཐོར་ཆགས་པ་དང་། གནས་ཚུལ་ཡང་མོ་ཡིན་ན་རླངས་འཁོར་གྱི་ནང་རྒྱན་རྙིང་དུ་འགྱུར་ཚད་མགྱོགས་སུ་གཏོང་སྲིད་ལ། གནས་ཚུལ་ཚབས་ཆེན་ཡིན་ན་རླངས་འཁོར་རང་འབར་བྱེད་སྲིད། ལྟ་ཤེལ་དང་། ཉེ་མཐོང་ཤེལ། མིག་ཤེལ་ནག་པོ་སོགས་མིག་ཤེལ་སྒམ་སོགས་འོད་མི་ཕོག་སར་བཞག་ན་ལེགས།
དྲུག ལྕགས་ཀྲིན་རླངས་གཏོར།
ཐོག་མར་ལྕགས་ཀྲིན་རླངས་གཏོར་ནི་འབར་གས་འབྱུང་སླ་བའི་དངོས་རྫས་སུ་གཏོགས། ལྕགས་ཀྲིན་རླངས་གཏོར་གྱི་གནོན་ཤུགས་ཧ་ཅང་ཆེ་བས། ལྕགས་ཀྲིན་ནང་གི་གཤེར་གཟུགས་ཕྱི་ལ་གཏོར་ཐུབ། དེ་བས་དྲོད་ཚད་མཐོན་པོའི་འོག་ཏུ་དེ་ལ་འབར་གས་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།