中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། དབྱིན་ཇིའི་ཚན་རིག་པས་ཐོག་དང་བོར་མིས་བཟོས་རུས་པ་ཞིག་ཞིབ་བཟོ་བྱས་པ།
དུས་ཚོད།2019-09-09 09:35:09     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ཚན་རིག་མུ་མཐུད་ནས་འཕེལ་རྒྱས་སུ་བྱུང་བ་བརྒྱུད། མིའི་རིགས་ཀྱིས་སྐྱེ་དངོས་ལ་ཞིབ་འཇུག་བྱེད་པའི་ཚད་ཇེ་ཞིབ་ནས་ཇེ་ཞིབ་ཡིན་ལ། སྔར་ལས་མང་བོའི་སྐྱེ་དངོས་དབང་བོ་ཡང་མིའི་ཐབས་ལ་བརྟེན་ནས་ཞིབ་བཟོ་བྱས་ཆོག་པ་དང་། དེ་ཉིད་གསོ་རིག་ལས་རིགས་ལ་མཚོན་ན་དགའ་འོས་པའི་འཕེལ་ཕྱོགས་ཤིག་ཡིན་པ་གདོན་མི་ཟའོ། ད་ལྟ་མིའི་རིགས་ཀྱི་རུས་པ་ཞིབ་བཟོ་བྱེད་ཐུབ་ཀྱིན་ཡོད་པ་སྟེ། དབྱིན་ཇིའི་ཚན་རིག་པས་ཐོག་དང་བོར་ཚོད་ལྟའི་ཁང་ནང་དུ་མིའི་རིགས་ཀྱི་རུས་པ་ཞིབ་བཟོ་བྱས་ཤིང་ཅུང་མ་འགོར་བར་རུས་པའི་ཚན་ཁག་གི་གསོ་རིག་ཕྱོགས་སུ་བེད་སྤྱོད་བྱེད་ཐུབ་པའི་རེ་བ་ཡོད།
    ཀི་ལ་སི་ཀི་སློབ་ཆེན་དང་སི་ཐའེ་ལ་སི་ཁེ་ཏི་སློབ་ཆེན། སུའུ་ཀི་ལན་ནུབ་མའི་སློབ་ཆེན། ཀའོ་ཨར་ཝེ་སློབ་ཆེན་བཅས་ཀྱིས་ཞིབ་འཇུག་མི་སྣས་དང་ལེན་པས་འབུལ་བའི་བར་ཁེངས་རྫས་ཕྲ་ཕུང་སྐམ་པོ་དེ་སྤྱིན་རྒྱུན་གོང་བུའི་ནང་དུ་གཡེངས་སུ་བཅུག་ཅིང་། བར་ཁེངས་རྫས་ཕྲ་ཕུང་སྐམ་པོ་དེ་ནི་མི་ལུས་ཀྱི་རུས་རྐང་ལས་ཕྱིར་ཐོན་བྱས་པ་ཡིན་པས། རུས་སྙི་དང་ཚིགས་རྒྱུད། རྩ་ཚིལ། རུས་པ་སོགས་སུ་དབྱེ་ཆོག་ལ། དེའི་འཕྲོར་ཞིབ་འཇུག་མི་སྣས་ནཱ་སྨི་ལྡོག་ནུས་ལག་རྩལ་ལ་བརྟེན་ནས་དུས་ཚོད་སྐར་མ་རེའི་ནང་དུ་ནཱ་སྨི་རིམ་པའི་གཡོ་འགུལ་ཐེངས 1000རེ་བྱེད་དུ་བཅུག་སྟེ། སྤྱིན་རྒྱུ་གོང་བུའི་ནང་གི་ཕྲ་ཕུང་དེ 3Dརུས་པའི་ཕྲ་ཕུང་དུ་བསྒྱུར་ཞིང་། མ་འོངས་པར་རུས་པའི་ཕྲ་ཕུང་དེ་དག་ནད་པའི་རུས་ཆག་དང་། དཔྱི་ཚིགས་དང་ཕུས་ཚིགས་བརྗེ་གསོར་བཤགས་བཅོས་བྱས་རྗེས་ཀྱི་རུས་པའི་བར་གསེང་ཁ་གསེབ་བྱེད་སྤྱད་སོགས་སུ་བྱས་ཆོག་པ་རེད།
    ཞིབ་འཇུག་སྙན་ཞུ་འདི་ཉིད་ཆེས་གསར་བའི་དབྱིན་ཇིའི《རང་བྱུང་སྐྱེ་དངོས་གསོ་རིག་བཟོ་སྐྲུན》དུས་དེབ་སྟེང་དུ་བཀོད་ཡོད་ལ། སྙན་ཞུ་དེའི་ནང་དུ་ལག་རྩལ་འདི 2020ལོར་ཐོག་དང་བོར་མིའི་ལུས་སྟེང་དུ་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་བྲིས་ཡོད་པ་རེད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།