中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། འཇར་པན་གྱིས་ཆུ་རྩྭ་བེད་སྤྱད་ནས་ཤུགས་ཚད་མཐོ་ཞིང་ཡང་བའི་རྒྱུ་ཆ་གསར་བ་ཞིག་བཟོས་ཡོད།
དུས་ཚོད།2019-09-09 09:35:42     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 འཇར་པན་ཞིབ་འཇུག་མི་སྣས་ཆུ་རྩ་བེད་སྤྱད་ནས་རྒྱུ་ཆ་གསར་བ་ཞིག་བཟོས་ཡོད་ལ། དེ་ལྕགས་ལས་ཆེས་ཆེར་ཡང་ཞིང་ཤུགས་ཚད་ལྕགས་ལས་ལྡབ 5ཡི་མཐོ་བས། ཞིབ་འཇུག་མི་སྣས་དེའི་བེད་སྤྱོད་ཀྱི་མདུན་ལྗོངས་ཧ་ཅང་ཡངས་བར་འདོད་ཀྱིན་ཡོད།
 འཇར་པན《ཅིན་ཏུའུ་གསར་འགྱུར》གྱིས་ཉེ་ལམ་བསྒྲགས་པ་ལྟར་ན། འཇར་ཕན་ཙི་ཧུའི་རྫོང་བཟོ་ལས་ལག་རྩལ་ཕྱོགས་བསྡུས་ལྟེ་གནས་ཀྱི་ཞིབ་འཇུག་མི་སྣས་ཆུ་རྩྭ་བེད་སྤྱད་ནས“ཚི་སྣའི་རྒྱུའི་ནཱ་སྨི་ཚི་སྣ”གྲུབ་ཆ་གཙོ་བོ་ཡིན་པའི་རྒྱུ་ཆ་གསར་བ་ཞིག་བཟོས་ཡོད་ལ། ངོ་སྤྲོད་བྱས་པ་ལྟར་ན། ཁོ་ཚོས་ཐོག་མར་ཆུ་རྩྭའི་ཕྲ་ཕུང་ལྡེབས་ངོས་ལས་ཚི་སྣའི་རྒྱུ་ཕྱིར་འདོན་བྱས་པ་དང་། དེ་ནས་དེར་ཚད་བརྡལ་ཞིབ་ཕྲས་ཐག་གཅོད་བྱས་རྗེས། ད་གཟོད“ཡང་ཞིང་ཤུགས་ཚད་མཐོ་བའི”ཁྱད་ཆོས་ལྡན་པའི་རྒྱུ་ཆ་གསར་བ་དེ་བཟོས་པ་ཡིན་ཟེར།
    དེ་ཡང་། ཞིབ་འཇུག་ལྟེ་གནས་དེ་ཉིད་འཇར་ཕན་གྱི་ཆེས་ཆེ་བའི་ཚྭ་མེད་མཚེའུ་སྟེ་ཕི་ཕ་མཚེའུ་ཡི་འགྲམ་དུ་ཡོད་ལ། དེའི་སྐྱེས་ཚད་སྟུག་པའི་ཆུ་རྩྭ་དག་ཕི་ཕ་མཚེའུ་ཡི་སྐྱེ་ཁམས་གནད་དོན་དུ་གྱུར་ཡོད་པས། ཞིབ་འཇུག་མི་སྣས་བསམ་ཚུལ་ལྟར་ན་ཆུ་རྩྭ་བེད་སྤྱད་ནས་བཟོས་པའི་ཟུར་སྣོན་གྱི་རིན་ཐང་མཐོ་བའི་རྒྱུ་ཆ་གསར་བ་དེ་དག་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པར་ཕན་ནུས་ཐོན་ཐུབ་པར་འདོད་ཀྱིན་ཡོད་ལ། དུས་རྗེས་མར་ཁོ་ཚོས་མིང་ལ“འདྲེས་སྦྱོར་ཚི་སྣའི་རྒྱུའི་ནཱ་སྨི་ཚི་སྣ”ཞེས་པའི་ཤུགས་ཚད་མཐོན་པོའི་འགྱིག་རྫས་རྒྱུ་ཆ་ཞིག་ཞིབ་བཟོ་བྱེད་རྩིས་ཡོད་པ་རེད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།