中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ཨ་རག་དང་ཚུའུ་ཡིས་སྨན་རྫས་སྦྱངས་ནས་རྐང་སྐེད་ཚིགས་ཀྱི་གཟེར་ཟུག་བཅོས་སྟངས་སྐོར།
དུས་ཚོད།2016-01-19 14:27:52     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
         ཨ་རག་དང་ཚུའུ་ཡིས་སྐེད་ཚིགས་ཀྱི་གཟེར་ཟུག་བཅོས་ཐབས་ནི་བྱི་རུག་དང་ཏང་ཀུན་དཀར་པོ། སྤོས་དཀར།  ཤེས་ཏ་བཅས་སོ་སོ་རུ་ཆ་རེ་དང་ཕོ་བ་རིལ་བུའམ་གཡེར་མ་རུ་ཆ་གཉིས་མཉམ་པོ་བསྲེས་ནས་ཞིབ་ཕྱེ་བཏགས་ཏེ་དཀར་ཡོལ་སྣོད་ཆས་ནང་བླུག་དགོས། 
སྨན་གྱི་མང་ཉུང་དང་འདྲ་བའི་ཨ་རག་དང་ཚུའུ་ཡི་བསྲེ་མ་མེ་ལ་དྲོད་མོ་བཟོ་ཞོར་སྨན་ཕྱེ་མར་བླུགས་ནས་སྨན་གྱི་ལྡེ་གུ་བཟོ་པ་དང་དྲོད་ཚད་ལག་པ་ཅུང་ཚ་བ་བྱུང་ན་ཆོག
        སྨན་བཅོས་བྱེད་སྐབས། གཟེར་ཟུག་ལངས་ཡུལ་ལ་སེང་རས་དང་ཡང་ན་རས་སྲབ་་གཅིག་བཀབ་པ་དང་སྨན་དེ་སེང་རས་སྟེང་དུ་མཐུག་ཚད་ལི་སྨིད་གཅིག་ཟིན་པ་ཁོད་སྙོམས་པོ་བཏིང་རྗེས་ལག་རས་ཀྱིས་མཐའ་འཁོར་ལེགས་པར་སྲུང་། ཡང་རས་གཅིག་གིས་སྨན་
དེ་བཀབ། དེའི་སྟེང་འགྱིད་དམ་དྲོད་མོ་གཅིག་བཞག་ནས་ལག་རས་ཀྱིས་ཁེབས་ནས་ཚ་ལུམས་རྒྱག་དགོས། ལུམས་རྒྱག་ཐེངས་རེ་ལ་ཆུ་ཚོད་གཅིག་གམ་ཆུ་ཚོད་ཕྱེད་ཀ་རེ་བྱེད་དགོས། ཉིན་མ་རེ་ལ་ཐེངས་གཅིག་ནས་གཉིས་བར་རྒྱག་པ་དང་ཐེངས་དྲུག་ནས་བརྒྱད་བརྒྱབ་རྗེས་
སྨན་བཅོས་དུས་ཡུན་གཅིག་ཏུ་རྩི་ཆོག་པ་རེད།
       ཚ་ལུམས་བརྒྱབ་རྗེས་ཀྱི་སྨན་རོ་དེ་ཡང་དཀར་ཡོལ་སྣོད་ཆས་ནང་བཞག་སྟེ་རྗེས་མ་སྤྱད་ཆོག སྨན་ཐུན་རེས་ཚ་ལུམས་ཐེངས་དྲུག་ནས་བརྒྱད་བར་བརྒྱབ་ཆོག་པ་རེད།
      སྨན་དེ་སྤྱོད་སྐབས་འོག་གི་དོན་ཚན་ཁ་ཤས་ལ་གཟབ་གཟབ་བྱེད་དགོས། ཚ་ལུམས་མ་བརྒྱབ་གོང་དང་བརྒྱབ་ཚར་རྗེས་ཧྥན་ཧྲི་ལིན་སྣུམ་རྩི་དང་དེ་མིན་གྱི་རྩི་ཤིང་གི་སྣུམ་བྱུག་ནས་ཤ་ལྤགས་འཚོ་སྲུང་བྱེད་པ་དང་སྙིང་ནད་ཚབས་ཆེན་ཡོད་མཁན་དང་པགས་པའི་
འགོས་ནད་ཡོད་མཁན། པགས་པའི་ཚོར་སྣང་ཉམས་པ་ཅན། ཅིའུ་གྱི་དུག་ཕོག་མཁན་དང་བུད་མེད་སྦུམ་མའི་སྐེད་ཚིགས་ན་དུས་བྱེད་ཐབས་དེ་སྤྱོད་མི་ཉན།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།