中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། བྱིས་པར་སྨན་སྤྱོད་དུས་དོ་སྣང་བྱ་དགོས་པ་འགའ།
དུས་ཚོད།2019-09-18 14:49:19     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 དང་བོ། གཞི་རྩའི་ཆ་ནས་བཤད་ན་ཕྱི་ལུགས་གསོ་རིག་ལས་དར་མའི་སྨན་བྱིས་པར་ལྡུད་མི་རུང་བ་དང་། གལ་ཏེ་ལྡུད་དགོས་པ་བྱུང་ནའང་ངེས་པར་དུ་སྨན་པར་དྲིས་ནས་སྨན་པའི་ངག་བཀོད་ལྟར་ལྡུད་དགོས་པ་ལས། རང་འདོད་ལྟར་གཏན་ནས་ལྡུད་མི་རུང་།
    གཉིས་པ། ལོ་བཅུ་གཉིས་མན་གྱི་བྱིས་པས་རབ་ཡིན་ན་གཉན་འཇོམས་སྨན་བཀོལ་སྤྱོད་མི་བྱེད་པ་དང་བཀོལ་སྤྱོད་བྱེད་ནའང་ཧ་ཅང་གཟབ་གཟབ་བྱ་དགོས་ཏེ། ནོའུ་ཧྥུ་ཧ་ཞིན(诺氟沙)གྱིས་རུས་ཚིགས་ཀྱི་གྲུབ་ཚུལ་ལ་གནོད་པ་དང་རུས་རྐང་སྐྱེ་བར་འགོག་རྐྱེན་ཡོད་ལ། ཆིན་ཏ་མེ་སུའུ(庆大霉素)ཡིས་བྱིས་པའི་རྣ་བ་དང་མཁལ་མར་གནོད་པ་ཆེན་པོ་བྱ་ངེས་ཡིན།
    གསུམ་པ། སྨན་བཀོལ་སྤྱོད་བྱ་སྐབས་གཟབ་ནན་དང་བདེ་འཇགས། བྱིས་བའི་བདེ་ཐང་བཅས་ལ་དོ་སྣང་གང་ལེགས་བྱ་དགོས།
    བཞི་བ། བོད་སྨན་འཐུང་ན་བཟི་ཡོད་པའི་སྨན་རིགས་གང་བྱུང་དུ་གཏོང་མི་རུང་བ་དང་། རབ་ཡིན་ན་བྱིས་པ་ཆུང་འུའི་དུས་སུ་བཟི་ཡོད་པའི་སྨན་རིགས་མི་གཏོང་བ་དང་། གལ་ཏེ་གཏོང་དགོས་པ་བྱུང་ཚེ་ལོ་ཚོད་ལྟར་སྨན་ཐུན་ཆུང་ངུའི་རིགས་སྨན་པའི་ངག་བཀོད་ལྟར་གཏོང་བ་ལས་གང་བྱུང་དུ་འཐུང་མི་རུང་།
    ལྔ་བ། རྒྱལ་ཁབ་འཕྲོད་བསྟེན་སྡེ་ཁག་གིས་ནད་གཞི་སྔོན་འགོག་གི་འགོག་སྨན་རྣམས་དུས་ཐོག་ཏུ་རྒྱག་དགོས་པ་དང་། དེ་ཡང་པགས་ནད་གླང་ཤུའི་རིགས་སོགས་བྱུང་ཚེ་ནད་གཞི་དྲག་སྐྱེད་བྱུང་རྗེས་འགོག་སྨན་བརྒྱབ་ན་འགྲིག་ལ། དེ་མིན་བྱིས་པའི་ལུས་དྲོད་ཏུའུ་སོ་བདུན་དང་གྲངས་ཆུང་ལྔའི་ཡན་ལ་བུད་པ་དང་། སྙིང་དང་མཆིན་པ། མཁལ་མ། གློ་ནད་སོགས་ནད་གཞི་ཚབས་ཆེན་ཡོད་པའི་བྱིས་པར་འགོག་སྨན་རྒྱག་མི་རུང་བ་དང་། འཚོ་བཅུད་ཞན་པ་དང་། ད་རྒན་གྱི་ནད། འགོག་སྨན་མི་འཕྲོད་པའི་སྣང་ཚུལ་མངོན་ཤུགས་ཆེ་བའི་རིགས་ལའང་འགོག་སྨན་རྒྱག་མི་རུང་ཞིང་། ཉིན་རེར་ཁོག་པ་ཐེངས་བཞིའི་ཡན་བཤལ་བའི་བྱིས་པར་འགོག་སྨན་གྱི་རིལ་བུ་མངར་མོ་བླུད་ཀྱང་བཤང་བ་དང་མཉམ་དུ་ཕྱིར་ཐོན་ནས་ནུས་པ་ཐོན་མི་སྲིད་པ་བཅས་གཏན་ལ་ཕབ་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།