中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།།ཀུ་ཤུ་ཁ་པར་གྱིས་ད་ནས་བཟུང་སུན་གཙེར་ཁ་པར་འགོག་ཐུབ་པ།
དུས་ཚོད།2016-06-23 16:32:01     རྩོམ་གྱི་ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    ཆུང་། | འབྲིང་། | ཆེ།
ད་ནས་བཟུང་ཀུ་ཤུ་ཁ་པར་གྱིས་སུན་གཙེར་ཁ་པར་ངོས་འཛིན་བྱེད་མི་ཐུབ་པའི་ལོ་རྒྱུས་དངོས་སུ་མཇུག་འགྲིལ་བ་རེད། དེ་རིང་ཞོགས་པར་ཚོགས་པའི་ཀུ་ཤུ་ཀུང་སིའི་འཛམ་གླིང་གསར་སྤེལ་མཁན་ཚོགས་ཆེན་WWDCསྟེང་། ཀུ་ཤུ་ཁར་པར་གྱི་iOS 10ཡི་ནུས་པ་གསར་པ་ཁྱབ་བསྒྲགས་བྱས་པ་དང་། དེ་ལས་འབྲེལ་གཏུག་བྱེད་མཁན་ཕྱོགས་ཀྱི་མཐུད་མཚམས་ནུས་པ་མངོན་འགྱུར་བྱས་པས། སུན་གཙེར་ཁ་པར་དང་མགོ་སྐོར་ཁ་པར་ལ་དྲན་སྐུལ་དང་བཀག་འགོག་བྱེད་ཐུབ་པ་རེད། ནུས་པ་འདི་ནི་ཨན་ཊོ་མ་ལག་ཅན་གྱི་ཁ་པར་ལྟ་བུར་དེ་འདྲའི་གནས་ཚུལ་གསར་པ་ཞིག་མིན་ནའང་། ཀུ་ཤུ་ཁ་པར་སྤྱོད་མཁན་གྱི་མི་རྣམས་ལ་མཚོན་ན། འདི་ནི་ནུས་པ་གསར་པ་ཞིག་དང་ཡར་རྒྱས་གསར་པ་ཞིག་ཡིན་པ་རེད། iMessageགསར་པའི་ཁྲོད་དུ། བེད་སྤྱོད་མཁན་གྱིས་པར་དང་ཡི་གེ་བསྐུར་ཐུབ་པ་ལས་གཞན་བརྙན་ཡང་བསྐུར་ཐུབ་པ་དང་། ཁ་པར་དུ་གསོག་པའི་བརྙན་དང་གནས་སྐབས་གསར་དུ་བླངས་པའི་བརྙན། ད་རུང་ལག་པས་བྲིས་པའི་འཕྲིན་ཡང་ཐད་ཀར་བསྐུར་ཐུབ། དེ་ལས་གཞན་ཀུ་ཤུ་ཁ་པར་གྱིས་Siriལ་རིམ་འཕར་གལ་ཆེན་བྱས་ཡོད་པ་དང་བེད་སྤྱོད་མཁན་གྱིས་Siriབརྒྱུད་ནས་སྐད་འཕྲིན་དང་རླངས་འཁོར་གླ་འབོད་མཉེན་ཆས་ཏི་ཏི་དང་Uberསོགས་ཐད་ཀར་བཀོལ་ཐུབ་པ་དང་། ཐ་ན་དངུལ་སྤྲོད་མཉེན་ཆས་ཀྲི་ཧྥུ་པའོ་ཡང་བཀོལ་ཐུབ་པ་རེད།།
རྩོམ་སྒྲིག་པ།མཁར་བྱམས་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།