中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། རྒྱུགས་སྤྲོད་སློབ་མ་ཚོས་གནས་ཚུལ་འདི་དག་ལ་དོ་སྣང་བྱ་དགོས།
དུས་ཚོད།2020-09-21 11:39:15     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
      དེ་རིང་རྒྱུགས་སྤྲོད་སློབ་མ་ཚོ་རྒྱུགས་རར་ཕྱིན་ཏེ་རྒྱུགས་ར་དང་དེའི་ཉེ་འགྲམ་གྱི་ཁོར་ཡུག་ལ་རྒྱུས་མངའ་བྱས་ཡོད། འདིར་རྩོམ་སྒྲིག་པས་དྲན་སྐུལ་ཞུ་རྒྱུར། སང་ཉིན་ཞོགས་པ་རྒྱུགས་རར་བསྐྱོད་སྐབས། ངེས་པར་དུ་འགྲིམ་འགྲུལ་དང་། རྒྱུགས་རའི་གནས་སྟངས། སྡོད་གནས་ཆ་འཕྲིན་སོགས་ཚང་མར་རྒྱུས་ལོན་བྱ་དགོས་པར་མ་ཟད། ད་དུང་རྒྱུགས་རའི་འགོག་ཟོན་བྱ་ཐབས་ལ་ཡང་རྒྱུས་ལོན་བྱ་དགོས།
    གཅིག རྒྱུགས་རར་སྐྱོད་པའི་ལམ་ཐིག་ལ་རྒྱུས་ལོན་བྱ་དགོས། སང་ཉིན་རྒྱུགས་རར་སྐྱོད་སྐབས། རང་ཉིད་ཀྱི་སྡོད་གནས་ནས་རྒྱུགས་རའི་བར་ལམ་ཐག་ག་ཚོད་ཡོད་པ་དང་། འགྲིམ་འགྲུལ་ཡོ་བྱེད་དང་ལམ་ཐིག་གང་ཞིག་བརྒྱུད་ནས་སྐྱོད་ན་སྟབས་བདེ་ཡོད་མེད་སོགས་རྒྱུས་ལོན་བྱ་དགོས། གལ་སྲིད་རྒྱུགས་ར་རང་ཉིད་ཀྱི་སྡོད་གནས་ལས་བར་ཐག་ཅུང་རིང་ཙམ་ཡོད་ཚེ། རྒྱུགས་རའི་ཉེ་འགྲམ་དུ་ཁ་ལག་བཟའ་ས་དང་། ངལ་གསོ་བྱེད་ས་ཡོད་མེད་སོགས་བལྟ་དགོས།
    གཉིས། རང་ཉིད་ཀྱི་འགོག་ཟོན་ཡག་པོ་བྱ་དགོས་པ་དང་། ཡག་ཤོས་བྱུང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱེད་ནང་སྡོད་རྒྱུ་མེད། རྒྱུགས་རར་ལྟ་བར་འགྲོ་སྐབས་ནས་རང་ཉིད་ཀྱི་འགོག་ཟོན་ཡག་པོ་བྱ་དགོས་པ་དང་། ཁ་རས་བརྒྱབ་སྟེ་རྒྱུགས་རར་བསྐྱོད་དགོས་ཤིང་། རབ་བྱུང་ན་སྤྱི་བའི་འགྲིམ་འགྲུལ་ཡོ་བྱེད་ནང་སྡོད་རྒྱུ་མེད། གལ་སྲིད་སྤྱི་བའི་འགྲིམ་འགྲུལ་ཡོ་བྱེད་ནང་བསྡད་ཚེ། ཆིག་སྤྱོད་རང་བཞིན་གྱི་སྨན་བཅོས་ལག་ཤུབས་གྱོན་དགོས་པ་དང་། ལག་པའི་གཙང་སྦྲ་ཡག་པོ་བྱ་དགོས། རྒྱུགས་རའི་ནང་འཛུལ་སྐབས་ངེས་པར་དུ་ཁ་རས་བརྒྱག་དགོས། རྒྱུགས་རའི་ནང་འཛུལ་སྐབས་ལས་དོན་མི་སྣའི་འགོག་ཟོན་བདེ་འཇགས་ཞིབ་བཤེར་ལ་གཞོགས་འདེགས་བྱ་དགོས།
    གསུམ། རྒྱུགས་རར་སྐྱོད་པར་དུས་ཚོད་ག་ཚོད་འགོར་མིན་རྩིས་ཡག་པོ་བརྒྱག་དགོས་པ་དང་། རབ་བྱུང་ན་ཆུ་ཚོད་གཅིག་སྔ་སྣུར་དུ་རྒྱུགས་རར་བསྐྱོད་དགོས།
    བཞི། སློབ་གྲྭའི་བླང་བྱར་བརྩི་སྲུང་ཞུས་ནས། འབྲེལ་ཡོད་ཆ་འཕྲིན་ཞིབ་དཔྱད་བྱ་དགོས།
    ལྔ། རྒྱུགས་རའི་ཁོར་ཡུག་རྒྱུས་ལོན་བྱ་དགོས། རྒྱུགས་རའི་ནང་འཛུལ་རྗེས། གལ་སྲིད་རང་ཉིད་སྡོད་སའི་སྒྲོག་རྩེའི་ནང་ཡིག་ཚད་དང་འབྲེལ་བ་མེད་པའི་ཅ་དངོས་ཡོད་ཚེ། དུས་ཐོག་ཏུ་རྒན་ལགས་ལ་སྙན་སེང་ཞུ་དགོས།
    དྲུག འགོག་ཟོན་སྒྲ་ཕབ་ནན་ཏན་གྱིས་ཉན་དགོས། མཐོ་རྒྱུགས་ནི་ཧ་ཅང་སྒམ་བརླིང་ཆེ་བའི་རྒྱལ་ཁབ་ཀྱི་སློབ་གསོའི་ཡིག་རྒྱུགས་ཤིག་ཡིན་པས། ངེས་པར་དུ་གཟབ་ནན་བྱ་དགོས་པ་དང་། སྒྲ་ཕབ་ཀྱི་དྲན་སྐུལ་གཞིར་བཟུང་སྟེ། རྒྱུགས་རའི་འགོག་ཟོན་བྱ་ཐབས་དང་། ཞིབ་བཤེར་རྒྱུད་རིམ། གྲ་སྒྲིག་འགོག་ཟོན་དངོས་པོ་སོགས་ལ་རྒྱུས་ལོན་བྱས་ཏེ། རང་ཉིད་ཀྱི་འགོག་ཟོན་ཡག་པོ་བྱ་དགོས།
    བདུན། རྒྱུགས་རའི་ནང་ཁྱེར་མི་ཆོག་པའི་ཅ་དངོས་ལ་རྒྱུས་ལོན་བྱ་དགོས། དཔེར་ན། ལག་ཐོག་ཁ་པར་དང་ཆུ་ཚོད། དེ་བཞིན་རིགས་ཁག་གི་གློག་རྡུལ་ཡོ་ཆས་དང་། རྩིས་རྒྱག་འཕྲུལ་ཆས། ཤོག་བུ་སོགས་གཏན་ནས་ཁྱེར་མི་རུང་།
    བརྒྱད། གསང་སྤྱོད་དང་སྨན་བཅོས་ཁང་སྔོན་ནས་འཚོལ་དགོས། རྒྱུགས་སྤྲོད་སློབ་མ་ཁག་ཅིག་དངངས་འཚུབ་ཀྱི་དབང་གིས་གསང་སྤྱོད་ལ་འགྲོ་དགོས་པ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད་པས། གསང་སྤྱོད་གང་དུ་ཡོད་མེད་ཤེས་པར་བྱ་དགོས། དེ་མིན། རྒྱུགས་རའི་སྨན་བཅོས་ཁང་དང་། སེམས་ཁམས་མཛུབ་སྟོན་ཁང་སོགས་གང་དུ་ཡོད་མེད་ཀྱང་ཤེས་པར་བྱ་དགོས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།