ཅང་ཚོ་མི་སོ་སོར་མཚོན་ན་ཚ་བ་རྒྱས་པ་ནི་རྒྱུས་མེད་ཅིག་མིན་ཞིང་། མི་མང་ཆེ་ཤོས་ཤིག་གིས་ལུས་དྲོད་དེ་རྒྱུན་ལྡན་གྱི་ལུས་དྲོད(ཏུའུ་གྲངས 36ནས 37བར)ལས་མཐོ་དུས་ཚ་བ་རྒྱས་པར་ངོས་འཛིན་གྱི་ཡོད། འོན་ཀྱང་ཆེད་ལས་ཀྱི་ངོས་ཐད་ནས་བརྗོད་ན། ཚ་བ་རྒྱས་པ(ཚ་རྒྱག་པ)ནི་མིའི་ལུས་ཕུང་གིས་ཚ་རྒྱས་འབྱུང་ཁུངས་ཀྱི་ནུས་པའི་འོག ལུས་དྲོད་སྙོམ་སྒྲིག་ལྟེ་བའི་སྙོམ་སྒྲིག་བྱེད་གནས་ཡར་སྤོས་ནས་བྱུང་བའི་སྙོམ་སྒྲིག་རང་བཞིན་གྱི་ལུས་དྲོད་ཇེ་མཐོར་སོང་བ་ཡིན།
མིའི་ལུས་དྲོད་སྙོམ་སྒྲིག་ལྟེ་བ་ནི་ཀླད་འཇོང་འོག་མར་གནས་ཤིང་། དེའི་དམིགས་བསལ་གྱི་དབང་རྩའི་རྩ་འཛུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མིའི་ལུས་དྲོད་ཀྱི་ཚད་འཇལ་གྱི་ཡོད་པ་མ་ཟད། དེར་སྒྲིག་བཟོ་བྱས་ཟིན་པའི“ལུས་དྲོད་སྙོམ་སྒྲིག་གི་ངེས་གནས”ཤིག་ཡོད། སྟབས་བདེའི་སྒོ་ནས་བཤད་ན། ལུས་དྲོད་དེ་ལུས་དྲོད་སྙོམ་སྒྲིག་ངེས་གནས་ལས་མཐོ་བའི་དུས་སུ། ལུས་དྲོད་སྙོམ་སྒྲིག་ལྟེ་བས་ལུས་ཁམས་ཀྱི་ཚ་བ་སེལ་བར་སྐུལ་འདེད་གཏོང་བ་དང་། དེ་ལས་ལྡོག་སྟེ་ལུས་དྲོད་ཅུང་དམའ་བའི་དུས་སུ། ལུས་དྲོད་སྙོམ་སྒྲིག་ལྟེ་བས་ལུས་ཁམས་སུ་ཚ་བ་བྱུང་བ་དང་། ཚ་བ་ཡལ་བ་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་བ་ཡིན།
སྤྱིར་བཏང་གི་གནས་ཚུལ་འོག ཆམ་པ་ཕོག་དུས་ཚ་བ་རྒྱས་སྲིད་མོད། འོན་ཀྱང་ཚ་བ་རྒྱས་པ་ཚང་མ་ཆམ་པ་ཕོག་ནས་བྱུང་བ་ཞིག་མིན། ནད་དུག་ལུས་ཕུང་སྟེང་འཛུལ་དུས་ལུས་པོས་ནད་འབུར་འགོག་རྒོལ་བྱེད་དགོས་པས་ཚ་བ་རྒྱས་སུ་འཇུག་སྲིད། གནས་ཚུལ་འདི་འདྲའི་སྐབས་སུ། ཚ་བ་རྒྱས་པ་ནི་ལུས་པོའི་དྲོད་ཚད་ཇེ་དམའ་རུ་གཏོང་བ་ཡིན་ཞིང་། ཕྱི་ངོས་ཀྱི་དྲོད་ཚད་མཐོ་རུང་ལུས་ཕུང་ནང་རོལ་ནི་ཅུང་བསིལ་མོ་ཡིན། འོན་ཀྱང་ཆམ་པ་ཕོག་ནས་བྱུང་བའི་ཚ་བ་རྒྱས་པ་ནི་མིས་ཆམ་པ་ཕོག་དུས་གློ་ལུ་རྒྱག་པ་དང་། གློ་ལུ་རྒྱག་དུས་མིའི་ལུས་པོ་འགུལ་སྐྱོད་བྱས་ཏེ་ཚ་བ་བསླངས་པ་ཡིན།
མིར་ཚ་བ་རྒྱས་དུས་དོ་སྣང་བྱ་དགོས་ས་ཧ་ཅང་མང་བོ་ཡོད་དེ། དཔེར་ན་ཚ་བ་རྒྱས་དུས་ཇ་གར་པོ་འཐུང་བར་མི་འཚམ་ཞིང་། མི་ལ་ལས་ཚ་བ་རྒྱས་པའི་ནད་པར་ཇ་གར་པོ་མང་བོ་འཐུང་དུ་བཅུག་ན་ཚ་བ་སེལ་བར་འདོད་མོད། འོན་ཀྱང་ལྟ་ཚུལ་འདི་ནི་ནོར་འཁྲུལ་ཅིག་ཡིན། རྒྱུ་མཚན་ནི་ཇ་ལོའི་ནང་དུ་རྫས་འགྱུར་གྱི་གྲུབ་ཆ་མང་བོ་ཞིག་འདུས་ཡོད་དེ། དཔེར་ན། ཇ་མང་ཧྥུན་དང་། སྤྲི་དཀར་རྒྱུ། ཨན་གཞི་སྐྱུར། ཁོ་ཧྥེ་བུལ། གཏེར་རྒྱུ། ཐཱན་ཆུ་འདྲེས་འགྱུར་རྫས། འཚོ་བཅུད་སོགས་འདུས་ཤིང་། དེའི་ཁྲོད་ཀྱི་ཇ་བུལ་གྱི་གྲུབ་ཆས་མིའི་ལུས་དྲོད་ཇེ་མཐོར་བཏང་སྟེ། ཚ་བ་རྒྱས་པ་ཇེ་དྲག་ཏུ་གཏོང་ཐུབ་པ་ཡིན། ཡང་ཇ་བུལ་ལ་གཅིན་མང་བོ་འབབ་པས་ཚ་སེལ་ཟུག་གཅོག་སྨན་དང་ཁྲག་སྨན་གྱི་གར་ཚད་ཇེ་དམའ་རུ་གཏོང་ཐུབ་པས། སྨན་ནུས་ཇེ་གཉོམ་དུ་གཏོང་བ་ཡིན།
དོན་དངོས་སུ་ཚ་བ་རྒྱས་ན་ཇ་གར་པོ་འཐུང་བར་མི་འཚམ་པར་མ་ཟད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུའང་དུས་རྒྱུན་ཇ་གར་པོ་འཐུངས་ཚེ་ཕོ་གཤེར་སླ་འགྱུར་བཏང་ནས་རྒྱུན་ལྡན་གྱི་འཇུ་སྟོབས་ལ་ཤུགས་རྐྱེན་ཐེབས་སྲིད། མི་ཞིག་གི་ཉིན་རེའི་རྒྱུན་ལྡན་གྱིས་ཟགས་ཐོན་བྱུང་བའི་ཕོ་གཤེར་གྱིས་ཉིན་རེར་བསྡུ་ལེན་བྱས་པའི་ཟས་རིགས་ལུགས་མཐུན་སྒོས་འཇུ་ཐབས་བྱས་ཤིང་། དེས་ཇ་གར་པོ་མང་བོ་འཐུངས་རྗེས་ཕོ་བའི་གཤེར་ཁུ་སླ་འགྱུར་བྱས་ཏེ། ཕོ་བའི་གཤེར་ཁུའི་གར་ཚད་ཇེ་དམའ་རུ་བཏང་ནས་ཕོ་བའི་གཤེས་ཁུས་རྒྱུན་ལྡན་ངང་ཟས་རིགས་འཇུ་ཐབས་བྱེད་མི་ཐུབ་པར་བཏང་སྟེ། འཇུ་སྟོབས་ཞན་པ་དང་། ཕོ་བ་སྦོས་པ་དང་ཕོ་བ་ན་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད།
དེ་ལས་གཞན། ཇ་གར་པོའི་ཁྲོད་ཀྱི་ཁོ་ཧྥེའི་རྒྱུས་སྙིང་འཕར་ཚད་ཇེ་མགྱོགས་སུ་བཏང་སྟེ་ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་། སྙིང་ཁམས་ཀྱི་ཁུར་བོ་ཇེ་ལྕིར་གཏོང་བ་ཡིན། ཇ་ལོའི་ནང་དུ་ཁོ་ཧྥེའི་རྒྱུ་འདུས་པས་དེར་དབང་རྩ་ངར་ལངས་ཀྱི་ནུས་པ་ལྡན་ཞིང་། གལ་ཏེ་ཉིན་གུང་གི་ངལ་གསོ་དང་གཉིད་ལོག་པའི་སྔོན་ལ་ཇ་གར་པོ་འཐུངས་ཚེ། གཉིད་མི་ཡོང་བ་བྱུང་སྟེ་གཉིད་ཀྱི་སྤུས་ཀར་ཤུགས་རྐྱེན་ཐེབས་སྲིད་པ་དང་། འདི་ལྟར་དུས་ཡུན་རིང་པོ་སོང་ན་ཀླད་པའི་དབང་རྩ་ཉམས་སུ་འགྲོ་བ་ཡིན།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|