དྲོད་ཚད་ཅུང་མཐོ་བའི་འོག་འོ་མའི་སྤུས་ཀ་འགྱུར་བ་རེད། ཡིན་ནའང་འོ་མ་འཁྱགས་སྒམ་ནང་ཉར་ཚགས་བྱས་ན་འོ་མའི་སྤུས་ཀ་འགྱུར་ངེས། རྒྱུས་ལོན་བྱས་པ་ལྟར་ན། འོ་མའི་ནང་དུ་ངོ་བོ་མི་འདྲ་བའི་ཆུའི་གྲུབ་ཆ་རིགས 3འདུས་ཏེ། ལོགས་སུ་ལུས་པའི་ཆུ་དང་འདྲེས་སྦྱོར་ཆུ། ཞུན་ཆགས་ཆུ་བཅས་ཡིན། དེའི་ནང་དུ་ལོགས་སུ་ལུས་པའི་ཆུའི་འདུས་ཚད་ཆེས་མང་བ་དང་། དེ་དངོས་རྫས་གཞན་དག་དང་མི་འདྲེས་བར་ཞུ་བྱེད་ནུས་པ་ཁོ་ན་ཐོན་པ་ཡིན། འོ་མ་འཁྱགས་དུས་ལོགས་སུ་ལུས་པའི་ཆུ་སྔོན་ལ་འཁྱགས་པ་དང་། འོ་མ་ཕྱི་ཚུལ་ནས་ནང་དུ་རིམ་བཞིན་འཁྱགས་ཤིང་། ནང་དུ་བཏུམ་པའི་དངོས་རྫས་སྐམ་པོ་སྟེ་སྤྲི་དཀར་གྱི་བཅུད་དང་ཚིལ། ཀལ་སོགས་འཁྱགས་པའི་དུས་ཡུན་ཇེ་རིང་དུ་སོང་བ་དང་བསྟུན། དངོས་རྫས་སྐམ་པོའི་འདུས་ཚད་ཇེ་མང་དུ་འགྲོ་ངེས། འོ་མའི་འཁྱགས་པ་ཞུ་རྗེས། འོ་མའི་ནང་གི་སྤྲི་དཀར་གྱི་བཅུད་དྭངས་སྙིགས་འབྱེད་པ་དང་། ངོ་བོ་བཅས་འགྱུར་སླ་བས་འོ་མ་འཁྱགས་སྒམ་དུ་འཇོག་མི་རུང་།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|