中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ལུས་ཁམས་བདེ་སྲུང་གི་གསང་མིག་ཆེན་པོ་ལྔ།
དུས་ཚོད།2020-11-23 11:21:45     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ཀྲུང་ལུགས་གསོ་རིག་གི་ལུས་ཁམས་བདེ་སྲུང་རིག་པའི་ལོ་རྒྱུས་རྒྱུན་རིང་ཞིང་། དེའི་ཁྲོད་ཀྱི་གསང་མིག་རྣམས་ལུས་ཕུང་བདེ་ཐང་ལ་གལ་ཆེ་ཚུལ་གསལ་བོར་བསྟན་ཡོད། ཀྲུང་གོའི་སྤྱི་དམངས་ཀྱི་ཀྲུང་ལུགས་གསོ་རིག་གི་ལུས་ཟུངས་གསོ་བའི་ཐད་ཀྱི་བྱང་ཚད་ནང་གཤམ་གྱི་གསང་མིག་ལྔའི་བདེ་སྲུང་དང་ལུས་པོ་བདེ་ཐང་གི་གལ་ཆེན་རང་བཞིན་ནན་གྱིས་བསྟན་ཡོད།
    གཅིག ནུ་མགོ་གཉིས་སྦྲེལ་མཚམས་དང་བྲང་རུས་ཀྱི་སྟེང་ཕྱོགས་ནི་སྙིང་ཤུབས་བརྒྱུད་ནས་རླུང་འདུས་སའི་གནས་ཡིན། དེ་མིན་ལུས་ཁམས་ཀྱི་རླུང་གི་གསང་མིག་ཀྱང་གནས་དེར་འདུས་ཡོད། སྙིང་གཡུག་པ་དང་། དབུགས་ཐུང་བ། བྲང་གཟེར་བ། ནུ་རྨེན་འཕར་སྐྱེ། གློ་ལུ་བ། དབུགས་འཚང་བ་སོགས་ཀྱི་གློ་སྙིང་གི་ནད་རིགས་བཅོ་བར་གནས་དེ་གལ་ཆེ་བར་འཛིན། ལག་མཐིལ་གྱིས་ཕར་ཚུར་གཙུབ་བརྡར་བྱས་ནས་ཚ་ལེན་བྱས་ན་བཟང་།
    གཉིས། སྲིབ་གསུམ་སྣོལ་གནས། རྐང་ངར་ནང་ལོག་དང་ངར་གདོང་ནང་ལོག་གི་རྒྱབ་ཕྱོགས་དེ་གཙོ་བོ་མོ་ནད་གསོ་བཅོས་བྱེད་སའི་གསང་མིག་ཅིག་ཡིན། བུད་མེད་ལ་ཟླ་མཚན་འབབ་པ་དང་། བྱིས་པ་སྐྱེས་པ། ནུ་མ་ལྡུད་པ་སོགས་ཀྱིས་ལུས་སྟེང་གི་ཟུངས་ཁྲག་ཇེ་ཉུང་དུ་འགྲོ་བཞིན་ཡོད། དེའི་རྐྱེན་གྱིས་བུད་མེད་རྣམས་ལ་སེམས་འགུལ་ཐེབས་སླ་བ་དང་། མཆིན་རླུང་འགག་སླ་བ། མཆིན་ཁྲག་མི་འདང་བའི་གནས་ཚུལ་འབྱུང་སྲིད་པ་རེད། སྲིབ་གསུམ་སྣོལ་གནས་སུ་འཕུར་མཉེད་བྱས་ན། མཆིན་པ་དང་མཚེར་བའི་ཁྲག་གསོ་ཐུབ་ལ། རྒྱུན་པར་ཟླ་མཚན་རྒྱུན་ལྡན་མིན་པ་དང་ཟླ་མཚན་འགག་པ། གྲང་དཀར་བཞུར་པ། བྱིས་པ་བཙས་རྗེས་སུ་ཕོ་བ་གཟེར་བ། གོམས་གཤིས་རང་བཞིན་གྱི་མངལ་ཤོར་བ། འོ་མས་མི་འདང་བ་སོགས་ཀྱི་ནད་བཅོ་ཐུབ་པ་རེད། དེ་བས་ཉིན་རེར་ཐེངས་ལྔ་བཅུ་ནས་བརྒྱ་ཙམ་ལ་འཕུར་མཉེད་བྱས་ན་བཟང་།
    གསུམ། ངར་དོང་ཐོད་གསང་། རྗེ་ངར་གྱི་ཕྱི་ཕྱོགས་དང་པུས་མོའི་ཟུར་འོག་ཏུ་ཡོད། སྒྱིད་པ་ནི་ཕོ་བའི་ནད་རིགས་དང་མིའི་ལུས་སྟོབས་རྒྱས་པའི་གསང་མིག་ཡིན། ཕལ་ཆེར་ཕོ་རྒྱུའི་ནད་རིགས་ཡོད་ཚད་དེ། དཔེར་ན་གཏིང་ཐུང་རང་བཞིན་གྱི་ཕོ་བའི་གཉན་ཚད་དང་། རུལ་བའི་རང་བཞིན་གྱི་ཕོ་བའི་གཉན་ཚད། ཁུམ་པའི་རང་བཞིན་ཅན་གྱི་ཕོ་བའི་གཉན་ཚད། རྒྱུ་མའི་གཉན་ཚད་སོགས་ཀྱི་ནད་དང་། ཕོ་བ་ན་བ་དང་ཕོ་བ་སྦོས་པ། སྐྱུར་ལངས་པ། བྲང་ཁ་ཚ་བ། རྩ་འགག་པ། འཁྲུ་བཤལ་སོགས་ནད་རྟགས་ཚང་མ་གསང་མིག་འདི་ཕུར་ནས་བདེ་སྲུང་བྱེད་ཆོག དེ་བས་ཉིན་རེར་ཐེངས་ལྔ་བཅུ་ནས་བརྒྱ་ཙམ་ལ་ཕུར་མཉེད་བྱ་དགོས།
    བཞི། མཐིལ་ཀོང་། རྐང་མཐིལ་ཀོང་ཀོང་ཡིན་སར། ནམ་རྒྱུན་འཕུར་མཉེད་བྱས་ན་མིད་པ་སྐྲང་གཟེར་དང་། མགོ་ན་བ། མགོ་ཡུ་འཁོར་བ། ཁྲག་ཤེད་མཐོ་བ་སོགས་ལ་ཕན། གནས་དེར་ཚོར་སྣང་རྣོན་པོའི་ཟུག་གཟེར་བསླངས་རྗེས་དྲན་ཐོར་དང་ཀླད་པ་ཕྱིར་སད་པའི་ནུས་པ་ཡོད། གལ་ཏེ་མི་ཞིག་གློ་བུར་དུ་བརྒྱལ་ནས་དྲན་པ་ཐོར་ན་གསང་མིག་དེར་ཐེངས་ལྔ་བཅུ་ནས་བརྒྱ་ཙམ་འཕུར་མཉེད་བྱས་ནས་ཟུག་གཟེར་དྲག་པོ་སློང་དགོས།
    ལྔ། ལོང་མཚེས། ལྟེ་བའི་འོག་གི་སོར་མོ་གསུམ་གྱི་མཚམས་ནི“སྐྱེས་པའི་དྭངས་མ་དང་སྐྱེས་མའི་ཁྲག་གསོག་གི་མཚམས”ཡིན།  ནམ་རྒྱུན་ནད་ཐོག་སྨན་བཅོས་སྟེང་གཅིན་ཟགས་དང་། སྐྱེ་འཕེལ་མ་ལག་གི་ནད་རིགས། དཔེར་ན་གཅིན་ཤོར་བ། རོ་ཙ་ཉམས་པ། མངལ་མི་འཁོར་བ། ཟླ་མཚན་འགག་པ། བྱིས་པ་བཙས་རྗེས་སུ་ཕོ་བ་གཟེར་བ་སོགས་བཅོས་ཐུབ། ཉིན་རེར་ཐེངས་གཅིག་ནས་གཉིས་ཙམ་ལ་མེ་བཙའ་འཇོག་པ་དང་། ཐེངས་རེར་སྐར་མ་བཅུ་ནས་བཅོ་ལྔ་རེ་དང་ཉིན་རེར་ཐེངས་གཅིག་ཡིན།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།