中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། གཟན་ཆས་གསོག་འཇོག་བྱེད་པར་ཕན་པའི་ཐབས་མཆོག་བཞི།
དུས་ཚོད།2021-03-06 16:31:01     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
གཅིག ཆུ་འདུས་ཚད་འོས་འཚམ་ཡིན་པ།
    ཆུ་འདུས་ཚད 60%ནས 70%ཡོད་པའི་སྐབས་སུ་གསོག་འཇོག་བྱས་པའི་གཟན་ཆས་ནི་ཆེས་བཟང་བ་ཡིན་ལ་ཆུང་འདུས་ཚད་དམའ་དྲགས་ན་སྐྱུར་བསྙལ་ལེགས་པོ་མི་ཐུབ་པས་ནོར་ལུག་གི་ཁ་ལ་མི་འཕྲོད།
གཉིས། རིང་ཐུང་མཉམ་པ།
    གསོག་འཇོག་མ་བྱས་པའི་ཡར་སྔོན་དུ་མ་རྨོས་ལོ་ཏོག་གི་སོག་རྐང་ངམ་གཟན་རྩྭའི་རིང་ཐུང་འཇལ་དགོས། ལི་སྨི 1ནས 2ཡིན་ན་འོས་འཚམ་ཡིན་ལ། རིང་དྲགས་ན་སྐྱུར་བསྙལ་ལེགས་པོ་བྱ་མི་ཐུབ། ཡིན་ཡང་ཆུ་འདུས་ཚད་དམའ་བའི་མ་རྨོས་ལོ་ཏོག་གི་སོག་རྐང་དང་ཕྱུགས་རྩྭ་ཅུང་ཐུང་ཡང་ཆོག
གསུམ། མཁའ་དབུགས་ཕྱིར་གཏོང་བ།
    གཟན་ཆས་མཛོད་ལ་འཇུག་སྐབས་བཅག་བཅག་བྱས་ནས་མར་གནོན་དགོས་ལ་འདྲུད་འཐེན་འཁོར་ལོ་བེད་སྤྱད་ནས་ཡང་དང་བསྐྱར་ཏུ་བཅག་བཅག་བྱས་ཆོག སྤྱིར་བཏང་དུ་མཐུག་ཚད་ལི་སྨི 30ནས 50ཡོད་དུས་བཅག་བཅག་ཐེངས་གཅིག་བྱས་པས་ཆོག དེའི་རྗེས་སུ་འགྱིག་ཤོག་གིས་བཏུམ་ནས་མཁའ་རླུང་མི་འཛུལ་བར་བྱ་དགོས།
བཞི། དོང་ཞབས་ནས་གཟན་ཆས་ལ་སྐྱོན་ཤོར་བ་འགོག་པ།
    1.དོང་ཞབས་ལ་ལི་སྨི 20ཡོད་པའི་གྲོ་སོག་སྐམ་པོ་དང་འབྲས་སོག་སྐམ་པོ་གདིང་བ།
    2.དོང་ཞབས་སུ་ཞེང་ལ་ལི་སྨི 20དང་གཏིང་ལ་ལི་སྨི 20ཡོད་པའི་ཆུ་སྐ་བཟོས་ནས་ཕྱི་ལ་སྦྲེལ་བ།
    3.ས་ངོས་སུ་བསྐྲུན་ཡོད་པའི་མཛོད་ཀྱི་ཤབས་ནི་སྣེ་གཅིག་མཐོ་ལ་སྣེ་གཅིག་དམའ་བའི་རྣམ་པ་ལྟར་བཟོས་ནས་སྣེ་ར་སྦུག་གུ་བཞག་ནས་ཆུ་འབྱིན་དགོས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།