中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། རང་གི་ལུས་ཕུང་བདེ་ཐང་ཡིན་མིན་ཅི་ལྟར་བརྟག་དགོས་སམ།
དུས་ཚོད།2021-03-12 18:54:07     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    རང་གི་ལུས་ཕུང་བདེ་ཐང་ཡིན་མིན་བརྟག་དཔྱད་བྱས་ནས་ཤེས་ཀྱི་ཡོད་ལ། ད་དུང་གཟུགས་པོའི་ཡན་ལག་ལ་བལྟས་ནས་ཀྱང་ཤེས་ཀྱི་ཡོད་པ་དཔེར་ན། གདོང་གཤིས་དང་གོམ་པ་སྤོ་སྟངས་སོགས་ལ་བལྟས་ནས་བདེ་ཐང་ཡིན་མིན་ཤེས་ཀྱི་ཡོད། གཤམ་ནས་ཁྱེད་ལ་ལུས་སྦྱོང་སྐོར་གྱི་ཤེས་བྱ་ཁག་ཅིག་ངོ་སྤྲོད་ཞུ་རྒྱུ་ཡིན། འགུལ་སྟངས 10བོར་བལྟས་ཏེ་ལུས་ཕུང་བདེ་ཐང་ཡིན་མིན་ཤེས་ཐུབ།
    ཞོགས་པ་ཆུ་ཚོད 7པར་ལངས་ན། ཆུ་ཚོད 9བ་ཡར་མར་དུ་ལུས་པོར་ཉོབ་མདངས་ཤིག་ངང་གིས་སླེབས་ཀྱི་ཡོད། གནས་ཚུལ་འདི་མི་མང་ཆེ་བར་ཡོད་དེ། དེ་ནི་ལུས་ཕོང་སྦྱོར་བརྡར་ཉུང་བའམ་ཡང་ན་ཡུན་རིང་བོ་སྡོད་པ་ལས་ངལ་དུབ་རང་བཞིན་གྱིས་བྱུང་བ་ཞིག་རེད།
    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གོ་ལ་ཧྲིལ་བོའི་སྤྱི་བའི་བདེ་ཐང་གནད་དོན་ཞིབ་འཇུག་འགན་ཁུར་བ་ཉི་ཁེཧྥེ་ལུའུ་ཡིས་ལུགས་དང་མཐུན་ཞིང་རྒྱུན་མཐུད་པའི་སྦྱོར་བརྡར་བྱ་དགོས་ཤིང་། གཟའ་འཁོར་རེར་ལུས་སྦྱོང་ཐེངས 5དང་ཐེངས་རེར་ཉུང་མཐར་ཡང་ཆུ་ཚོད་ཕྱེད་ཀ་རྒྱུན་འཁྱོངས་བྱ་དགོས་ཞེས་བརྗོད་འདུག
    ལག་རེར་རྒྱ་མ 6ཅན་གྱི་ཅ་དངོས་འདེགས་པ་དེ་ལས་ལག་ཤུགས་ཆེ་ཆུང་ལྟ་ཐུབ་པ་མ་ཟད། དཔུང་བ་དང་། སྒལ་བ། བྲང་ཁོག པུས་མོ་བཅས་ལ་ཤུགས་ཡོད་མེད་ཀྱང་ཤེས་ཀྱི་ཡོད།
    ཞིབ་འཇུག་ལས་མངོན་དོན། རྟག་ཏུ་སྦྱོང་བརྡར་མི་བྱེད་མཁན་གྱི་ཤེད་ཤུགས་ལོ 20ནས 25བར་ཆེ་ཤོས་རེད། དེ་རྗེས། ལོ 10རེར 10%རེ་བཞིན་རིམ་གྱིས་ཆགས་པ་དང་ལོ 60ཡི་རྗེས་ལ་ཤེད་ཤོར་ཚད་དེ་བས་མགྱོགས་པ་རེད།
    དེས་ན། ང་ཚོའི་ཤེད་ཤུགས་ཆེ་རུ་གཏོང་ཐུབ་ཀྱི་ཡོད་པས། གཟའ་འཁོར་རེར་ཁྱེད་ཀྱིས་ཅ་དངོས་ལྕི་མོ་ཐེངས 5ནས 6བར་འདེགས་པ་དང་འགྱོག་ཐེངས་རེར་ཐེངས་གྲངས 20ལྷག་བརྩེས་ན་ལུས་པོའི་ཤེད་ཤུགས་ཆེ་རུ་འགྲོ་བ་རེད།
    བསྟུད་མར་མཆོང་རྒྱུག་ཐེངས 10རྒྱག་པ་དེས་སྙིང་འཕར་ཤུགས་ཚད་རན་མིན་དང་སྙིང་ཁམས་ཁྲག་རྩར་ནད་ཡོད་མེད་ལྟ་ཐུབ་ཀྱི་ཡོད།
    གལ་ཏེ་སྙིང་འཕར་ཚད་མགྱོགས་པ་དང་སེམས་འཚབ་ན་སྨན་བཅོས་བྱས་ནས་དྲག་སྐྱེད་གཏོང་ཐུབ་པ་ཕུད། ད་དུང་ལུས་སྦྱོང་བྱས་ནས་ལེགས་སུ་གཏོང་ཐུབ་ཀྱི་ཡོད། རྒྱུག་ཤར་མྱུར་དལ་གཉིས་ཟུང་དུ་འབྲེལ་ནས་གློད་ན་དབུགས་ཧལ་ཚད་ཞི་ལྷོད་དུ་གཏོང་ཐུབ་པ་མ་ཟད། སྙིང་ཁམས་སྲུང་བར་ནུས་པ་ཆེན་པོ་ཐོན་གྱི་ཡོད།
    གལ་ཏེ་རྐྱོང་ཤད་བྱེད་དུས་དཀའ་ལས་བྱུང་ན། ལུས་པོའི་ལྷུ་ལག་དང་རུས་ཚིགས་ལ་སྣང་ཆུང་བྱ་མི་རུང་། གྲུམ་བུ་དང་རུས་སོབ་ཀྱི་ནད་ཕོག་པའི་རྟགས་ཚན་རེད།
    ཨ་རིའིསྐྱེ་ཁམས་རིག་པའི་དུས་དེབཐོག་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བའི་རྩོམ་རིག་ཅིག་གི་ནང་རྐང་བ་གཉིས་རུབ་རུབ་བྱས་ཏེ་ལངས་ནས་མཛུབ་མོའི་རྩེར་ལག་པས་རེག་མ་ཐུབ་ན། ཁྲག་རྩ་མཁྲེགས་འགྱུར་སོང་བ་དང་འབྲེལ་བ་ཡོད་ལ། སྙིང་ནད་ཕོག་པའི་སྔ་ལྟས་རེད་ཅེས་འཁོད་འདུག དེར་བརྟེན། ཉིན་ལྟར་སྐར་མ 5ལྷག་ཙམ་གྱི་དུས་ཚོད་སྤྱད་དེ་རྐྱོང་ཤད་ལྟར་གྱི་ལུས་རྩལ་བརྩེས་ན་ནད་རིགས་དེ་དག་འགོག་པར་ཕན་ནུས་ཐོན་གྱི་ཡོད་ཅིང་། ཁྲག་འཁོར་རྒྱུག་དང་རུས་ཚིགས་ཀྱི་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད།
    དེ་ནི་རང་གི་ལུས་པོའི་མཉེན་ལོད་ལྟ་བའི་ཐབས་ཤིག་རེད། གལ་ཏེ་འགུལ་སྟངས་འདི་བྱེད་སྐབས་དཀའ་ལས་ཆེན་པོ་འདུག་ན། ཁྱེད་ཉིད་བདེ་ཅག་འཁྱུག་པོ་དང་ལུས་ལ་ཤེད་ཤུགས་དེ་ཙམ་མེད་པ་མཚོན་གྱི་ཡོད།
    ཨ་རིའི་ལུས་སྦྱོང་དགེ་རྒན་ཆེ་མོ་བ་ཁེ་ནེརཅི་ཨན་དང་དབྱིན་ཇིའི་ལུས་སྦྱོང་དགེ་རྒན་ཆེ་མོ་བ་མཱ་ཐེལུའོ་པོ་ཚེ་ཡིས་གོམ་པ་སྤོ་ཐེངས་གཅིག་ལ་ཐེམ་སྐས་གཉིས་རེ་འཛེག་པ་དང་རྟག་ཏུ་རྐང་བས་འཕོངས་ཚོས་ལ་བཞུ་བའི་སྦྱོང་བརྡར་བྱེད་སྟངས་སྟབས་བདེ་འདི་གཉིས་ང་ཚོར་ངོ་སྤྲོད་བྱས་འདུག།
རྩོམ་སྒྲིག་པ། སངས་རྒྱས་འཚོ། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།