ས་སྨུག་གནམ་གཤིས་འབྱུང་སྐབས། སྦགས་བཙོག་འདྲེས་པའི་ཐལ་རྡུལ་སོགས་ཁ་མིག་རྣ་སྣ་སྐྱི་པགས་སོགས་བརྒྱུད་ནས་མིའི་ལུས་གསེང་དུ་སིམ་སྟེ་ཚད་མི་འདྲ་བའི་ཟུག་གཟེར་སློང་བའི་ནད་རྟགས་སམ་མ་འཕྲོད་པའི་སྣང་ཚུལ་འབྱུང་སྲིད་ལ། ས་སྨུག་རྡུལ་ཕྲན་ད་དུང་མུད་པ་བརྒྱུད་ནས་དེ་འབྲེལ་དབང་བོའི་མ་ལག་ལ་ནད་རིགས་སྣ་ཚོགས་སློང་གི་ཡོད།
རྒན་པ་དང་། བྱིས་པ། སྦྲུམ་མ། དབུགས་ལམ་མ་ལག་གི་ནད་དང་། སྙིང་དང་ཁྲག་རྩའི་ནད་ཡོད་པ་ཚོའི་ཚོར་བ་སྐྱེན་པས། ས་སྨུག་འཁྲིགས་པའི་གནམ་གཤིས་འབྱུང་སྐབས་རྫི་ལྷག་པར་རྣོ་བ་ཚོ་ཕྱི་ལོགས་སུ་མ་བུད་ན་ཡག གལ་ཏེ་དལ་བའི་རང་བཞིན་གྱི་གློ་ལུ་དང་ལུད་པ་ཡོད་པ། དབུགས་ཐུང་བ། དབུགས་ཧད་པ། བྲང་ཁོང་ན་བ་སོགས་ཀྱི་སྣང་ཚུལ་བྱུང་བའི་སྐབས་སུ་གང་མགྱོགས་སྨན་ཁང་དུ་སོང་ན་བཟང་།
ས་སྨུག་གནམ་གཤིས་འབྱུང་སྐབས། རབ་ཡིན་ན་མི་རྣམས་ཁང་བའི་ནང་དུ་བསྡད་དེ་བབ་མཚུངས་ཀྱི་ཐབས་ཤེས་འདི་དག་སྤྱད་ཆོག གཅིག དུས་ཐོག་ཏུ་སྒོ་དང་སྒེའུ་ཁུང་གཏན་པ། དགོས་གལ་བྱུང་ན་འགྱིག་ཤོག་གིས་སྒོ་སྲུབས་སྦྱར་ནས་ཁང་བའི་ནང་དུ་ས་སྨུག་རྒྱུ་མི་ཐུབ་པ་བྱ་དགོས། གཉིས། རླན་བཟོ་ཡོ་བྱད་དང་ཆུ་སྟོར་བ་སོགས་ཀྱིས་ཁྱིམ་གྱི་མཁའ་དབུགས་བརླན་པ་བཟོ་བ། ས་སྨུག་གི་ནམ་ཟླ་འདི་འདྲར་གལ་ཏེ་ཕྱི་ལོགས་སུ་འགྲོ་དགོས་ན་སོ་སོས་དེ་འབྲེལ་བདེ་ཐང་ལ་གཟབ་དགོས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|