རྩྭ་སྙིགས་དང་ཤིང་ཧྲུག་མེ་སྲེག་བཏང་བའི་གོ་ཐལ་ནང་དུ་གཞི་རྒྱུ་སྣ་མང་ལྡན་ཡོད་པ་དཔེར་ན་ཅ་ཀལ། མའེ། མུ་ཟི། ལྕགས་སོགས་ཡོད་པ་དང་ནད་འབུ་འགོག་པའི་ནུས་པ་ལྡན། གོ་ཐལ་དེ་ལོ་ཏོག་དང་སྔོ་ཚལ་ཐོག་གཏོར་ན་ནད་འབུའི་གནོད་འཚེ་སྔོན་འགོག་བྱེད་ཐུབ། ད་དུང་དྲོད་ཁང་ཆེན་པོའི་ནང་གོ་ཐལ་དེ་རིགས་བརྒྱབ་ན་ཅིའུ་ཚལ་རུལ་འགྱུར་དུ་མི་འགྲོ་བར་སྔོན་འགོག་བྱ་ཐུབ། གལ་སྲིད་ཤིང་འབྲས་ཀྱི་རྩ་བ་རུལ་བའི་གནས་ཚུལ་བྱུང་ཚེ་སྔོན་ལ་རྩ་བ་རུལ་སའི་ཉེ་འཁོར་གྱི་ས་རྒྱུ་རྣམས་བསྔོགས་ཏེ་རུལ་སྐྱོན་ཐེབས་པ་རྣམས་གཙང་མ་བཀོག་ནས་ཆུ་ཚོད་ཉེར་བཞི་ཙམ་བསྐམས་རྗེས་གནས་དེར་ཤིང་ཧྲིག་བསྲེགས་པའི་གོ་ཐལ་གཏོར་ན་ཉིན་ཤས་མ་སོང་བར་ཤིང་སྣ་སྐྱེ་འཚར་ལེགས་པོ་ཡོང་ཐུབ། ཡང་མེ་ཏོག་སྟེང་གོ་ཐལ་གཏོར་ན་དཀར་ཕྱེའི་ནད་སྔོན་འགོག་བྱ་ཐུབ། དེ་བཞིན་ལོ་ཏོག་དང་འབྲས་ལྡན་ཤིང་། སྔོ་ཚལ། མེ་ཏོག་སོགས་མྱུ་གུ་རྒྱས་པའི་སྐབས་སུ་གོ་ཐལ་གཏོར་ན་སྐྱེ་དངོས་ཀྱི་འགོས་ནད་མང་བོ་ཞིག་སྔོན་འགོག་བྱ་ཐུབ། གོ་ཐལ་ཁེ་ལྔ་བཅུ་ནང་རྡོ་ཐལ་ཕྱེ་མ་ཁེ་ལྔ་འདྲེས་སྦྱོར་བྱས་རྗེས་ཞོགས་པའི་ཟིལ་བ་ཡོད་པའི་ལོ་ཏོག་ཐོག་གཏོར་བ་དང་བསྟུད་མར་ཉིན་ལྔ་གཏོར་བ་ན་གནོད་འབུ་འབྱམས་འབུའི་གནོད་འཚེ་རྩ་བ་ནས་སྔོན་འགོག་བྱ་ཐུབ། ཙོང་དང་སྒོག་པ། ཅིའུ་ཚལ་སོགས་རྩ་བ་རུལ་སྐྱོན་ཐེབས་པའི་ནད་བྱུང་ཚེ་གོ་ཐལ་དེ་མུའུ་རེར་ཁེ་སུམ་ཅུ་ཡས་མས་གཏོར་ན་ཕན་ནུས་ཆེ་བ་དང་། སྡོམ་དམར་པོ་དང་གོག་བགྲོད་འབུ་སོགས་ཀྱིས་གནོད་འཚེ་གཏོང་བའི་ས་ཁུལ་དུ་གོ་ཐལ་གཏོར་ན་གནོད་འབུ་ཕོན་ཆེན་གསོ་ཐུབ་པ་རེད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|