ནད་རྟགས་དབྱེ་འབྱེད་བྱ་ཐབས། ནད་ཚབས་ཆུང་བའི་སྐབས་ནད་རྟགས་གཞན་མངོན་སྐབས་ནད་རྟགས་གཞན་མངོན་གྱི་ཡོད། ཕོ་བའི་རྩི་ལྤགས་ལ་ཕོག་ཐུག་གཏོང་བའམ་རྨ་ཁ་བཅོས་ཏེ་ཕོ་བའི་གཉན་ཚད་དང་ཕོ་སྨུག་རུལ་ནད་ཕོག་གི་ཡོད། དཔེར་ན་སྐུད་འབུའི་མགོ་དང་སྐུད་འབུའི་མཇུག་མ། ཕག་གི་ཟླུམ་སྲིན་དམར་པོ་བཅས་ཀྱིས་ཕོ་བའི་རྩི་ལྤགས་ངོས་གཏིང་རིང་པོ་འཛུལ་ནས་གནོད་བྱེད་ཀྱི་ཡོད། དེའི་སྐབས་ཕག་གི་ཟས་ཀྱི་དང་ག་ཉམས་པ་དང་སྐོམ་དད་ཆེ་བ། ཤེད་མོ་ཞན་དུ་འགྲོ་བ། ཟུངས་ཁྲག་དབུལ་བ། འཚོ་བཅུད་མི་ལྡེང་བ། གྲོད་པར་ཟུག་རྒྱག་པ་དང་སྐྱུག་པ་སོགས་བྱེད་ཀྱི་ཡོད། ཕུང་པོ་གཤགས་ནས་བརྟག་དཔྱད་བྱེད་སྐམས་ཟླུམ་སྲིན་དམར་པོས་གཞན་རྟེན་བྱེད་སྐབས་ཕོ་བའི་རྩི་ལྤགས་མཐུན་ཏུ་ཕྱིན་ནས་ཆ་མི་སྙོམས་པའི་གཉེར་མ་ཡོད་པ་དང་། ཁྲག་ཆུ་འཛིར་བ། རུལ་མྱགས་ཆགས་ནས་ཚབས་ཆེའི་ཕོ་བ་སྨུག་པོར་འགྱུར་ཡོད་པ་མ་ཟད། ད་དུང་ཕོ་བའི་རྩི་ལྤགས་ངོས་འབུ་གཟུགས་སྦྱར་ཡོད། འགྲམ་སོའི་སྐུད་འབུས་གཞན་རྟེན་བྱེད་སྐབས་ཕོ་བའི་རྩི་ལྤགས་མཐུན་པོ་ཆགས་པ་དང་འབུའི་མགོ་རྩི་ལྤགས་ངོས་སྦྱར་ནས་སྨུག་རུལ་ཕྱིན་ཡོད།
འགོག་བཅོས་བྱ་ཐབས། ཕག་ཚང་ནང་གི་གཙང་སྦྲར་ཡིད་གཟབ་བྱ་དགོས་པ་དང་ཕག་ཚང་དང་ཕག་འགུལ་སྤྱོད་བྱེད་སའི་ས་ངོས་སུ་གསུམ་བསྲེས་ས་གཏོར་ནས་ཕག་གི་ཤུན་སྐོགས་འབུ་ཟ་བ་སྔོན་འགོག་བྱ་དགོས། ཆབས་ཅིག་ཕག་ལུད་སྙོལ་རུལ་གྱི་ཐག་གཅོད་བྱ་དགོས། སྨན་བཅོས་ཐད་སའེ་པན་ཙའོ་སྨན་རྫས་ལུས་པོའི་ལྗིད་ཚད་ཆན་ཁེ་རེར་སྨན་ཧའོ་ཁེ 50-100བྱས་ཏེ་གཟན་ཆས་ནང་བསྲེས་ནས་སྟེར་དགོས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|