中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ནོར་གྱི་ཆམ་ནད་དང་དེའི་གསོ་ཐབས།
དུས་ཚོད།2021-04-07 19:01:27     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ཆམ་ནད་ནི་གནམ་གཤིས་ལ་འགྱུར་ལྡོག་བྱུང་ཞིང་ནངས་དགོང་གི་དྲོད་ཚད་མི་སྙོམས་པ་ལས་ནོར་ལ་འཁྱགས་ཐེབས་ཏེ། དབུགས་ལམ་ལ་མྱུར་ལངས་རང་བཞིན་གྱི་གཉན་ཚད་རྒྱས་པའི་ནད་ཅིག་ཡིན།
གཅིག ནད་རྒྱུ། གསོ་ཚགས་ཀྱི་ཆ་རྐྱེན་ཅུང་ཞན་པ་སྟེ། དཔེར་ན་ཕྱུགས་རའི་ནང་བརླན་ཆེ་ཞིང་ཙག་རླུང་སོགས་མི་ཐུབ་ཚེ། གནམ་གཤིས་ལ་འགྱུར་ལྡོག་ཆེ་དུས་ཕྱི་རོལ་གྱི་དྲོད་གྲང་མི་སྙོམས་པས་ནོར་གྱི་ལུས་ཕུང་ལ་ཕོག་ཐུག་གཏོང་བ་དང་། དེ་དང་ཆབས་ཅིག་མ་གཞི་ནས་ནོར་གྱི་ལིས་སྟེང་དུ་འཚོ་བཅུད་མི་འདང་བའི་དབང་གིས། རིམས་འགོག་ནུས་པ་ཇེ་ཞན་དུ་སོང་སྟེ་ཆམ་ནད་ཕོག་པ་ཡིན།
གཉིས། ནད་རྟགས། ནོར་ལ་རྣག་རིག་མི་གསལ་ཞིང་འགུལ་སྐྱོད་བྱེད་མི་འདོད་པ། མིག་ཕྱེད་མར་བཙུམས་ཤིང་མིག་སྐྱིའི་ངོས་དམར་པོར་གྱུར་ནས་སྐྲངས་པ་དང་མིག་ཆུ་བཞུར་བ་སོགས་ཀྱི་ནད་རྟགས་མངོན།
གསུམ། གསོ་བཅོས། ནད་འདི་གསོ་བཅོས་བྱེད་པའི་རྩ་དོན་ནི་ཚ་ཟུག་འཇོམས་པ་དང་རླུང་འཇོམས་གྲང་སེལ་བྱ་རྒྱུ་དེ་ཡིན་ལ། ནོར་གྱི་རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ་དང་རྗེས་འབྱུང་རང་བཞིན་གྱི་ནད་རིགས་འཕར་བ་བཅས་ལ་སྔོན་འགོག་བྱ་ཆེད། དུག་སྲིན་འགོག་སྨན་ནམ་ཡང་ན་ཧོང་ཨན་རིགས་ཀྱི་སྨན་འོས་འཚམ་རེ་བཀོལ་ཆོག་པ་སྟེ། འཆིང་མེ་སུའུ་རྩིས་གཞི་ཁྲི 500དང་སྨན་འདུས་ཨན་ཅི་པི་ལིན་སྨན་ཁབ་ཧའོ་ཧྲེང 30གཉིས་བསྲེས་ཏེ་ཉིན་རེར་ཐེངས་གཉིས་སམ། ཡང་ན5%ཡི་རྒུམ་འབྲུམ་མངར་ཆུའི་བཞུ་ཁུ་ཧའོ་ཧྲེང 1000ནས 1500དང 15%ཡི་པུན་སྐྱུར་ཀ་པ་ནཱ་ཡི་ཁེ་ཧྥིན་སྨན་ཁབ་ཧའོ་ཧྲེང 20 10ཡི་འཚོ་བཅུདcསྨན་ཁབ་ཧའོ་ཧྲེང 10བཅས་ཉིན་རེར་ཐེངས་རེ་ལྟར་བསྟུད་མར་ཉིན་གསུམ་དང་།ཡང་ན 30%ཡི་ཨན་ནེ་ཅིན་སྨན་ཧའོ་ཧྲེང 30ཉིན་རེར་ཐེངས་གཉིས་ལྟར་བཅས་ཤ་གནད་དུ་རྒྱག་དགོས།
བཞི། སྔོན་འགོག གསོ་ཚགས་ཀྱི་དོ་དམ་ལ་ཤུགས་སྣོན་དང་ཕྱུགས་རའི་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ། དགུན་ཁའི་ཙག་རླུང་དང་དབྱར་ཁའི་ཆར་ཆུས་ནོར་ལ་ཕོག་ཐུག་གཏོང་བར་གཡོལ་བ་ལས་གཞན། ད་དུང་འཚོ་བཅུད་ལྡན་པའི་གཟན་ཆས་སོགས་ཀྱང་ཁ་སྣོན་བྱས་ཏེ་སྟེར་དགོས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།