1. རྒྱུན་དུ་མོ་ལུག་འཇུག་སའི་ལུག་ཚང་གི་དྲོད་ཚད་སྙོམས་པོ་དགོས་པ་ལས་སྐབས་རེ་དྲོད་ཚད་མཐོན་པོ་དང་སྐབས་རེ་དྲོད་ཚད་དམའ་པོ་མི་ཡོང་བ་བྱ་དགོས། སྤྱིར་ན་ལུག་རྒྱུད་ལེགས་བཅོས་བྱས་པའི་ལུ་གུ་རྩེབ་རྗེས་ཀྱི་ཉིན་ལྔའི་ནང་ཚུན་དུ་ལུག་རའི་དྲོད་ཚད་ཅུང་མཐོ་ཙམ་ཡོང་བར་བྱ་དགོས་པ་དང་ཉིན་ལྔ་སོང་རྗེས་ལུ་གུ་རྣམས་དྲོད་ཚང་སྤོ་ནའང་སྐྱོན་མེད།
2. རྒྱུན་དུ་མོ་ལུག་འཇུག་སའི་ལུག་རའི་མཁའ་རླུང་འགྲོ་རྒྱུག་ལ་དོ་སྣང་བྱས་ནས་མཁའ་རླུང་གསར་བ་འགྲོ་རྒྱུག་བདེ་མོ་ཡོང་བ་བྱ་དགོས། འོན་ཀྱང་ངེས་པར་དུ་སྒོ་དང་རྩིག་པའི་སྲུབས་ནས་གྲང་རླུང་མི་འཛུལ་བར་བྱ་དགོས།
3. རྒྱུན་དུ་མོ་ལུག་འཇུག་སའི་ལུག་རའི་ནང་བཏིངས་པའི་གཟན་རྩྭ་རྣམས་ཉིན་གཉིས་གསུམ་ནང་བརྗེ་ལེན་དགོས། དེ་ལྟར་མ་བྱས་ཚེ་གཟན་རྩྭ་རློན་པ་ཆགས་ནས་འབུ་ཕྲ་འཕེལ་ཏེ་ལུ་གུར་བཤལ་ནད་ཕོག་པ་མ་ཟད། གཅིན་པ་དང་མགོ་ཆུ་སོགས་ཀྱི་དྲི་ངན་དེས་ལུ་གུའི་དབུགས་ལམ་ལ་ནད་ཕོག་ནས་གློ་ཚད་ཀྱང་འབྱུང་བཞིན་ཡོད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|