中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། སྤྱི་གནོད་མེད་པའི་དྲི་ཞིམ་ཚལ་གྱི་ལུད་རྒྱག་པའི་ལག་རྩལ།
དུས་ཚོད།2021-04-19 11:36:44     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    དགུན་དུས་སམ་དགུན་དཔྱིད་དུས་སྐབས་སུ་དྲོད་ཁང་གི་མཐའ་འཁོར་དང་ས་སྟེང་བེད་སྤྱོད་གཏོང་བ་དང་གཙོ་བོ་སྔོ་ཚལ་གྱི་གསོ་ཤུལ་དང་བར་སྐྱི་སོགས་བྱ་ཐབས་སྤྱད་དེ་འདེབས་འཛུགས་བྱ་དགོས། འདེབས་འཛུགས་བྱ་སྐབས་ཚོང་རའི་དགོས་མཁོ་དང་དྲོད་ཁང་གི་འདེབས་འཛུགས་གནས་ཚུལ་ལ་གཞིགས་ཏེ་གནམ་གྲང་བའི་དུས་ཚིགས་ལ་འདེབས་འཛུགས་བྱ་དགོས།
    དྲི་ཞིམ་ཚལ་ནི་ས་རྒྱུ་གཤིན་ལ་སོབ་པ་དང་ཆུ་སྲུང་ནུས་ཤུགས་ཆེ་བའི་ས་རྒྱུར་སྐྱེ་འཚར་ལེགས་པོ་ཡོད། སྔོན་གྱི་སོག་ཤུལ་ལོ་ཏོག་བརྔ་བསྡུ་བྱས་རྗེས་དུས་ཐོག་ཏུ་སོག་ཤུལ་གཙང་སེལ་བྱེད་པ་དང་ས་སློག་བརྒྱབ་ནས་སོག་ཤུལ་ལུད་གཏོར་བ་དང་སྤྱི་གནོད་མེད་པའི་དྲི་ཞིམ་ཚལ་ལ་རུལ་སྨིན་ཡག་པོ་བྱུང་བའི་སྐྱེ་ལྡན་ལུད་སྤྱི་ཆིང་རེར་ཆན་ཁེ 45000-60000རྒྱག་པ་དང་སྔོ་ཚལ་གྱི་ཆེད་སྤྱོད་ལུད་སྤྱི་ཆིང་རེར་ཆན་ཁེ  300-375རྒྱག་དགོས། མྱུག་ཁྲིར་འདེབས་འཛུགས་མ་བྱ་གོང་ངེས་པར་དུ་དུག་སེལ་བྱ་དགོས། སོན་འབྲུར་དམིགས་བསལ་གྱི་དུག་སེལ་ཐག་གཅོད་དང་སོན་འབྲུ་སྦོང་བ། མཆེ་བ་སྐྱེ་འདེད་བཅས་གཏོང་དགོས། འདེབས་འཛུགས་ཟིན་རྗེས་དྲོད་སྲུང་བརླན་སྲུང་ལ་གཟབ་དགོས་པ་དང་མྱུ་གུ་ཐོན་རྗེས་ས་ངོས་དྲོད་ཚད་ཅུང་དམའ་བས་ཆུ་ཉུང་ཙམ་གཏོང་བ་དམ་གསེང་རྨོད་མང་ཙམ་རྒྱག་དགོས། མྱུ་གུ་སྐྱེ་འཚར་མགྱོགས་སུ་འགྲོ་བའི་སྐབས་འོས་འཚམ་གྱི་ཆུ་གཏོང་ཐེངས་མང་དུ་གཏོང་དགོས། མྱུ་གུའི་མཐོ་ཚད་ལིའི་སྨི 10-15ལ་སླེབས་སྐབས་ལུད་ཐེངས 1རྒྱག་དགོས་པ་དང་ལིང་སྐྱུར་ཨན་གཉིས་སམ་གཅིན་རྒྱུ་སྤྱི་ཆིང་རེར་ཆན་ཁེ 225-300རྒྱག་དགོས། སྤྱིར་བཏང་འདེབས་འཛུགས་ཟིན་རྗེས་ཀྱི་ཉིན 50ཡས་མས་དང་སྡོང་བོའི་མཐོ་ཚད་ལིའི་སྨི 20-30ལ་སླེབས་སྐབས་བརྔ་བསྡུ་བྱས་ཏེ་ཚོང་རར་བཏོན་ཆོག།
                                                                                                                                                                    རྩོམ་སྒྲིག་པ། སངས་རྒྱས་འཚོ།                                       
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།