中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ཕྲུ་གུར་མི་འཚམ་པའི་ལུས་སྦྱོང་རྣམ་གྲངས་འགའ།
དུས་ཚོད།2021-04-26 15:45:31     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ལུས་སྦྱོང་བྱས་ན་ཕྲུ་གུའི་ལུས་གཞི་ཐང་དུ་གཏོང་ཐུབ་པ་མ་ཟད། ཡིད་འཇོག་ནུས་པ་དང་དྲན་ཤེས་ནུས་པ། ལག་བསྟར་ནུས་པ། འཚོ་བའི་ནུས་པ་བཅས་ཀྱི་ཐད་ནས་ཀྱང་ཕྲུ་གུའི་མི་ཚེ་གཅིག་ལ་ཕན་ཐོགས་ཡོད།
དང་བོ། ཡིད་འཇོག་ནུས་པ་དང་དྲན་ཤེས་ནུས་པ་མཐོ་རུ་གཏོང་ཐུབ། ལོ 14མན་གྱི་ཕྲུ་གུས་ལུས་སྦྱོང་བྱས་ན། ཁོང་ཚོའི་ཡིད་འཇོག་ནུས་པ་དང་དྲན་ཤེས་ནུས་པ་མཐོ་རུ་གཏོང་ཐུབ་ལ། སློབ་སྦྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུར་ཡང་ཕན་པ་ཆེན་པོ་ཡོད།
གཉིས་པ། ལག་བསྟར་ནུས་པ་མཐོ་རུ་གཏོང་ཐུབ། ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལུས་སྦྱོང་གིས་བྱིས་པའི་ལག་བསྟར་ནུས་པ་མངོན་གསལ་དོད་པོས་ལེགས་སུ་གཏོང་ཐུབ། དེའི་རྒྱུ་མཚན་ནི་ལུས་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད། ཕྲུ་གུས་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་གང་འདྲ་བྱ་དགོས་མིན་རྟོགས་ཐུབ།
    གསུམ་པ། མི་ཚེ་གང་བོར་ཕན་པའི་ལུས་སྦྱོང་གི་གོམས་གཤིས་བཟང་བོ་འཇགས་ཐུབ། ལུས་སྦྱོང་བྱས་ན་བྱིས་པའི་ལུས་སེམས་གཉིས་ཀར་ཕན་ཐོགས་ཡོད། ལུས་སྦྱོང་གི་གོམས་གཤིས་བཟང་བོ་དང་སློབ་སྦྱོང་ལ་དགའ་བའི་ཕྲུ་གུ་དེས། འབྱུང་འགྱུར་གྱི་མི་ཚེའི་ནང་རང་ཉིད་ལ་ལྟ་སྐྱོང་ཡག་པོ་བྱ་ཐུབ་ལ། འཚོ་བ་ཡག་པོ་སྐྱེལ་ཐུབ་ངེས་ཡིན།
    གཤམ་གསལ་གྱི་ལུས་སྦྱོང་རྣམ་གྲངས་དེ་ཚོ་ཕྲུ་གུར་འཚམ་པོ་མི་འདུག
    1.དུས་ཚོད་རིང་དྲགས་པའི་ལུས་རྩལ་རིགས། ལོ་དྲུག་མན་གྱི་ཕྲུ་གུས་རྒྱང་རྒྱུག་དང་རི་འཛེག་སོགས་ཐེངས་གཅིག་རང་བཞིན་གྱི་ལམ་ཐག་རིང་ཚད་སྨི 2000ཡན་གྱི་ལུས་སྦྱོང་བྱ་མི་རུང་། ལོ 6ནས 12བར་གྱི་ཕྲུ་གུས་དུས་ཡུན་ཆུ་ཚོད 2ཡན་གྱི་གོམ་པ་སྤོས་ན་མི་འཚམ། ཕྲུ་གུའི་དབུགས་ལམ་མ་ལག་དང་འཁོར་སྐྱོད་མ་ལག ཤ་གྲིམ་མ་ལག་བཅས་ཀྱི་ནུས་ཚད་བརྗེ་ཚབ་ཆུ་ཚད་དམའ་བས། ལུས་པོའི་དབྱང་རླུང་འདོན་སྤྲོད་ནུས་པས་ལུས་སྦྱོང་རྣམ་གྲངས་དེ་རིགས་ཁྲོད་ཀྱི་ཟད་གྲོན་དུས་ཐོག་ཏུ་གསབ་མི་ཐུབ།
    2.རྐང་ལག་མི་འགུལ་བའི་ལུས་རྩལ་རིགས། གྱེན་ལངས་དང་ལྗིད་འདེགས་སོགས་རྐང་ལག་མི་འགུལ་བའི་འགུལ་སྐྱོད་ཀྱི་རྣམ་པ་འདིས། ཤ་གནད་མུ་མཐུད་དུ་ཛ་དྲག་དང་ཤུགས་བཀོལ་གྱི་རྣམ་པར་གནས་ཀྱི་ཡོད། ཕྲུ་གུའི་ཤ་གནད་མི་རྒྱས་པས། དེ་ལྟར་ཡུན་རིང་སོང་ན་ཤ་གྲིམ་དུབ་རྨས་འབྱུང་སྲིད། དེ་དང་ཆབས་གཅིག ལུས་རྩལ་རྣམ་གྲངས་འདིས་སྒལ་གཞུང་དང་རྐེད་ཚིགས། བྲང་ཚིགས་སོགས་ལ་གནོན་ཤུགས་སྟེར་ལ། བྱིས་པའི་འཚར་སྐྱེ་ལ་ཡང་ཤུགས་རྐྱེན་ཐེབས་སྲིད།
    3.ཡོ་བྱད་བཀོལ་སྤྱོད་ཀྱི་ལུས་རྩལ་རིགས། འཚོ་བའི་ཁྲོད་རྒྱུན་མཐོང་གི་ཤེས་སྦྱོང་ཡོ་བྱད་དང་ལྗིད་འདེགས་ཡོ་བྱད་དག་གིས་ལུས་ཕུང་ལ་ནུས་ཤུགས་ཆེན་པོ་ཐེབས་སུ་འཇུག་པ་དང་། ཕྲུ་གུའི་ཤ་གནད་འཚར་སྐྱེ་འཐུས་ཚང་མིན་པས། སྔ་མོ་ནས་ཡོ་བྱད་བཀོལ་སྤྱོད་རིགས་ཀྱི་ལུས་རྩལ་རྩེད་ན། ཕྲུ་གུའི་སྙིང་དང་གློ་བའི་འཚར་སྐྱེ་ལ་གནོད་པ་ཡོད།
    ལོ་ཚད་མི་འདྲ་བར་འཚམ་པའི་འགུལ་སྐྱོད།
    ལོ་ཆུང་བྱིས་པས་རང་ཉིད་ཀྱི་ལུས་ཁམས་དོ་སྙོམས་ལ་ཕན་པའི་ལུས་རྩལ་རྣམ་གྲངས་གདམ་དགོས་པ་སྟེ། དཔེར་ན་ཆུ་རྐྱལ་དང་འཇུ་རེས་སོགས་ལུས་རྩལ་རྣམ་གྲངས་ཀྱིས་ལུས་པོའི་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོ་རུ་འགྲོ་རྒྱུར་རྨང་གཞི་ཡག་པོ་འདིང་ཐུབ།
    གཞོན་ནུ་ལོ་ཆུང་གིས་འགུལ་སྟངས་ཞིབ་མོ་ཅན་གྱི་ལུས་རྩལ་རྣམ་གྲངས་གདམ་དགོས། དཔེར་ན་ཕིང་ཕང་སྤོ་ལོ་དང་། བྱ་སྒྲོའི་སྤོ་ལོ། ལན་ཆིའུ་སྤོ་ལོ་སོགས་ལྟ་བུ། རྣམ་གྲངས་འདི་དག་གིས་ན་གཞོན་ཚོའི་ལུས་གཞི་ཐང་དུ་གཏོང་ཐུབ་པ་དང་། རིག་པ་སྐྱེན་པོ་ཡོང་ཐུབ། གཞན་ཡང་། དབུགས་ཐག་རིང་དུ་གཏོང་ཐུབ་ལ། ཉེ་སྒྲིབ་མི་ཡོང་བ་བཅས་བྱ་ཐུབ།
    ཇི་ལྟར་ཆུང་ན་དེ་ལྟར་བཟང་། ཕྲུ་གུ་ལོ་ན་ཇི་ཙམ་ཆུང་ན་འཁོར་ཤུད་དེ་ཙམ་གྱིས་སྦྱོང་སླ་བོ་ཡོད། ལོ་གསུམ་བཞི་ཙམ་གྱི་སྐབས་སུ་ཕྲུ་གུའི་ལུས་པོའི་ལྗིད་ཚད་ཆུང་ལ་མཉེན་གཤིས་ཆེ་བས་ལུས་པོར་ཚོད་འཛིན་བྱ་སླ་བོ་ཡོད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།