中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། དབྱར་དུས་པོའོ་ཚལ་འདེབས་འཛུགས་བྱེད་པའི་ཐབས་ཇུས་གསར་བ།
དུས་ཚོད།2021-04-28 16:05:35     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ས་ཁོད་སྙོམས་ཏེ་རྣང་མ་བཟོ་བ། པོའོ་ཚལ་ནི་ས་རྒྱུ་གཤིན་ལ་བཞའ་བརླན་ལྡན་པ་དང་འབྲིང་གཤིས་ཀྱི་ཅུང་བུལ་ཅན་དང་རུལ་རྫས་རྒྱུ་འདུས་ཚད་མཐོ་བའི་ས་རྒྱུར་དགའ་བས་དེར་བརྟེན་སྐྱེ་ལྡན་ལུད་མང་ཙམ་རྒྱག་དགོས། པོའོ་ཚལ་ལ་ལོ་མ་ངོ་མ་སྐྱེས་རྗེས་བཙོག་ཆུ་སླ་པོ་ཐེངས་གཅིག་རྒྱག་པ་དང་ཆབས་ཅིག་ཤིན་ཀོའོ་ཀྲེ་མོའོ་གཏོར་ནས་ནད་འབུ་འགོ་ཁྱབ་བྱེད་པ་འགོག་དགོས་པ་དང་རང་བྱུང་གི་གནོད་འཚེ་འགོག་ནུས་མཐོ་རུ་གཏོང་བ། འོད་སྦྱོར་ནུས་པའི་ཤུགས་ཚད་མཐོ་རུ་བཏང་ནས་པོའོ་ཚལ་གྱི་མྱུག་ཕྲུག་སྐྱེ་འཚར་བཟང་བོ་ཡོང་བར་སྲུང་སྐྱོབ་བྱ་དགོས།
    དུས་མཚམས་སུ་འདེབས་འཛུགས་བྱེད་པ། པོའོ་ཚལ་གྱི་གཙོ་རྐང་སྦོམ་ལ་ས་གཏིང་རིང་བོར་འཛུལ་བ་དང་ཆུ་འཇུ་ལེན་བྱེད་ཤུགས་ཆེ་ཞིང་ཐན་བཟོད་ཞོད་སྐྱོན་མི་བཟོད་པས་ཆུ་འབུད་བདེ་བའི་ས་ཆར་འདེབས་འཛུགས་བྱས་ན་འཚམ། འདེབས་འཛུགས་བྱ་སྐབས་སན་འབྲུ་ཤིན་ཀོའོ་ཀྲེ་མོའོ་ཡིས་སྦང་ན་མཆེ་བ་འབུས་ཚད་མཐོ་རུ་འགྲོ་ཐུབ། དེ་རྗེས་སོན་འབྲུ་ཆུའི་ནང་ཆུ་ཚོད 12སྦངས་རྗེས་དུས་མཚམས་སུ་འདེབས་འཛུགས་བྱ་དགོས།
    ཞིང་ནང་དོ་དམ་བྱ་ཐབས། པོའོ་ཚལ་འདེབས་འཛུགས་བྱས་རྗེས་ཀྱི་ཉིན 7-15ལ་མྱུ་གུ་ཐོན་པ་དང་མྱུག་ཕྲུག་སྐྱེ་འཚར་དལ་བས་རྩྭ་ཡན་སྐྱེས་སླ་མོ་ཡོད། དེར་བརྟེན་ཆུ་ལུགས་མཐུན་འདྲེན་པ་དང་ཡུར་མ་ཡུར་བ། དུས་མཚམས་སུ་ལུད་རྒྱག་དགོས། མྱུ་གུའི་མཐོ་ཚད་ལི་སྨི 6-7ལ་སླེབས་སྐབས་མྱུ་གུ་འཕྲལ་གསེད་བྱ་དགོས་པ་དང་སྡོང་རྒྱས་ལིང་འོས་འཚམ་གཏོར་ན་སྐྱེ་དངོས་ཀྱི་སྡོང་ལག་སྦོམ་དུ་འགྲོ་བ་དང་ལོ་མ་མཐུག་པ། ལོ་མའི་མདོག་ལེགས་ལ་སོས་པ། སྡོང་ལག་སྐྱེ་འཚར་བཟང་བ། རང་བྱུང་བྲོ་བ་ལེགས་པ་བཅས་ཡོང་ཐུབ། པོའོ་ཚལ་ནི་བརྔ་བསྡུ་ཐེངས་མང་བྱེད་པའི་སྔོ་ཚལ་རིགས་ཤིག་ཡིན་པས་བརྔ་བསྡུ་བྱ་ཐེངས་རེར་ལུད་ཐེངས་རེ་བརྒྱབ་ན་མྱུ་གུ་སྐྱེ་འཚར་ལ་སྐུལ་སྤེལ་ཐེབས་ཐུབ།
    ནད་འབུ་འགོག་བཅོས་བྱ་ཐབས།  པོའོ་ཚལ་སྐྱེ་འཚར་བྱེད་པའི་དུས་ཡུན་རིང་གཙོ་བོའི་ནད་འབུའི་གནོད་འཚེ་ལ་སད་རུལ་ནད་དང་གཞན་རྟེན་སྲིན་འབུ་སོགས་ཡོད་ཅིང་། དེར་དམིགས་སའི་རང་བཞིན་གྱི་སྨན་རྫས་ལ་ཤིན་ཀོའོ་ཀྲེ་མོའོ་ཟུང་འབྲེལ་བྱས་ཏེ་མཉམ་དུ་གཏོར་ན་ནད་དུག་འགོ་ཁྱབ་འགྲོ་བར་འགོག་པ་མ་ཟད་ཞིང་སྨན་གྱི་ནུས་པ་མཐོ་རུ་འགྲོ་བ་དང་རང་བྱུང་གི་གནོད་འཚེ་འགོག་ནུས་དང་འོད་སྦྱོར་ནུས་པའི་ཤུགས་ཚད་མཐོ་རུ་ཕྱིན་ཏེ་སྐྱེ་དངོས་སྐྱེ་འཚར་བཟང་བོ་ཡོང་བར་སྲུང་སྐྱོབ་བྱ་ཐུབ།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།