中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ཚགས་པར་ནང་དུ་ཟས་རིགས་བཅུག་ན་བདེ་ཐང་ལ་གནོད།
དུས་ཚོད།2021-06-09 15:22:17     རྩོམ་གྱི་ཡོང་ཁུངས།མི་དམངས་དྲ་བ།    ཆུང་། | འབྲིང་། | ཆེ།
    ཉེ་ཆར། རྒྱ་གར་གཞུང་ཟས་རིགས་བདེ་འཇགས་དང་སྤུས་ཚད་དོ་དམ་ཁང(FSSAI)གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གཡོས་སྦྱོར་ཟིན་པའི་ཟས་རིགས་ཚགས་པར་ནང་དུ་བཅུག་ན་མིའི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་གཏོང་གི་ཡོད་པས་མྱུར་དུ་མཚམས་འཇོག་དགོས་པའི་ནན་བསྐུལ་བྱས་འདུག ཚགས་པར་ནང་ཟས་རིགས་སྒྲིལ་ཐུམ་བྱས་ན་བདེ་ཐང་ལ་གནོད་སྟངས་སྐོར་འཁོད་དོན། དེ་ཡང་ཚགས་པར་ནང་གི་ཡི་གེ་དང་རི་མོ་སོགས་སྣག་ཚས་བྲིས་པ་ཡིན་དུས་ཟས་རིགས་ཚགས་པར་ནང་དུ་བཅུག་ན་སྣག་ཚ་འགོས་ཏེ་སྦག་བཙོག་ཆགས། དེ་དག་ང་ཚོས་ཟོས་པ་ཡིན་ན་མིའི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་གཏོང་གི་ཡོད། སྣག་ཚའི་ནང་མིའི་ལུས་ཁམས་ལ་གནོད་པའི་དུག་རྫས་རིགས་མང་བོ་ཡོད། སྣག་ཚའི་ཁ་མདོག་མི་འདྲ་བ་ལ་ཚོན་རྫས་མི་འདྲ་བ་དང་། འབྱར་རྫས། རུལ་སུངས་འགོག་བྱེད་ཀྱི་རྫས་སོགས་ཡོད། དེར་མ་ཟད་ཚགས་པར་དེ་གཞན་གྱིས་བེད་སྤྱོད་བྱས་ཟིན་པ་ཞིག་ཡིན་དུས་ཚགས་པར་བརྒྱུད་ནས་ནད་འབུ་ཕྲ་མོའི་རིགས་ཀྱང་ང་ཚོར་འགོ་སྲིད་པ་ཡིན་ཞེས་འཁོད་འདུག ཤོག་སྒམ་ནང་ལའང་ཟས་རིགས་སྒྲིལ་ཐུམ་བྱས་ན་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པའི་སྐོར་འཁོད་དོན། ཚགས་པར་ཙམ་མ་ཟད་ཤོག་བུ་རྙིང་བ་ལས་བཟོས་པའི་ཤོག་སྒམ་རིགས་ལའང་ཅ་དངོས་མཉེན་འགྱུར་བཟོ་བའི་རྫས(phthalates)ཡོད་སྲིད་པས། རྫས་དེས་འཇུ་བྱེད་མ་ལག་ལ་གནོད་སྐྱོན་གཏོང་བ་དང་ཚབས་ཆེ་བའི་རྫས་དུག་ལའང་འགྱུར་ཉེན་ཡོད། དེས་ན་ཚོད་རྒས་པ་དང་བྱིས་པ། ད་དུང་གཅོང་ནད་དང་ནད་འགོག་མ་ལག་ཞན་པའི་མི་རྣམས་ལ་འབྲས་ནད་དང་འབྲེལ་བའི་བླ་གཉན་སློང་ཉེན་ཆེན་པོ་ཡོད་ཅེས་འཁོད་འདུག དེ་བས་ང་ཚོས་རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད་དུ་ཚགས་པར་དུ་ཟས་རིགས་འཇུག་པའི་གོམས་གཤིས་ངན་པ་མྱུར་དུ་འདོར་དགོས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།