中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། དབུལ་ཞིང་ཕོངས་པའི་ལུང་ཁོག་དེ་ནོར་གཞོང་དུ་གྱུར་པ།
དུས་ཚོད།2021-07-22 16:11:47     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། རང་ཁུལ་གྱི་གཙོ་གནད་བྱ་བའི་ཡུལ་དངོས་ལྟ་སྦྱོང་ཚོགས་པ་ཅོ་ནེ་རྫོང་ཁང་ཐོག་ཤང་ལྷ་སྲུང་སྡེ་བར་སོང་ནས་ལྟ་སྦྱོང་བྱས།
    ཉེ་བའི་ལོ་འགའི་རིང་། ལྷ་སྲུང་སྡེ་བར་སྔ་རྗེས་སུ་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་དང་། “གཅིག་བཅུ་བརྒྱ་སྟོང་ཁྲི”ཡི་རིག་གནས་ཡུལ་སྐོར་དཔེ་སྟོན་སྡེ་བ། ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་སྡེ་བ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པས། སྡེ་བའི་རྣམ་པ་དང་རྨང་གཞིའི་སྒྲིག་བཀོད་ལ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། ཞིང་སྡེའི་ཡུལ་སྐོར་ལས་རིགས་དེ་མང་ཚོགས་དབུལ་ཐར་ཕྱུག་འགྱུར་འབྱུང་བའི་སྒུལ་ཤུགས་གསར་བ་ཞིག་ཏུ་གྱུར་ཡོད།
    སྔོན་ཆད་ཀྱི་དབུལ་ཞིང་ཕོངས་པའི་ལུང་ཁོག་དེ་ད་སྐབས་ནོར་གཞོང་དུ་གྱུར་ཡོད། 2020ལོ་ནས་བཟུང་སྟེ། ལྷ་སྲུང་སྡེ་བའི་ཡུལ་སྐོར་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཁྱིམ་ཚང 6གི་སྤུས་ལེགས་དམངས་ཁྱིམ་མགྲོན་ཁང་དེ་གཙོ་ཁྲིད་ཐོན་ལས་སུ་བཟུང་ཞིང་། སྐྱེ་ཁམས་ཉམས་ལེན་ཅན་དང་དམངས་སྲོལ་རིག་གནས་ཅན་གྱི་ཞིང་སྡེའི་ཡུལ་སྐོར་ཐོན་ལས་བཏོད་པ་དང་། ནུས་ཤུགས་ཡོད་རྒུས་ཁོར་ཡུག་གཙང་སྦྲ་ལེགས་སྒྱུར་བྱས་པ་དང་འཚོ་བའི་སྤུས་ཚད་ཇེ་མཐོར་བཏང་བས་སྔར་གྱི་རྗེས་ལུས་རྣམ་པའི་སྡེ་བ་དེ་ད་སྐབས“ཁྱིམ་ཚང་རེ་ལ་ཁྱད་ཆོས་རེ”ཡོད་པའི་སྤུས་ལེགས་དམངས་ཁྱིམ་མགྲོན་ཁང་གིས་བརྒྱན་པའི་མཛེས་སྡུག་ལྡན་པའི་སྡེ་བ་རུ་གྱུར་ཡོད། མིག་སྔར། ལྷ་སྲུང་སྡེ་བའི་རོང་འབྲོག་པ་མང་ཚོགས་ཀྱིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ལས་གཉེར་བྱེད་འགོ་ཚུགས་ཏེ། རོང་འབྲོག་པ་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། འཕེལ་རྒྱས་འཚོལ་སྙེག་བྱེད་པའི་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
    ལྟ་སྦྱོང་ཚོགས་པའི་ཁོངས་མིའམ་ལིན་ཐན་རྫོང་ལིའུ་ཧྲུན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཀོང་ཝུན་ཧུའེ་ཡིས“ལྟ་སྦྱོང་སྐབས་སུ་ང་ཚོས་ལམ་གང་བོར་ལྟ་ཞོར་དུ་བསམ་གཞིག་ཞོབ་མོ་བྱས་ཚེ། བག་ཆགས་ཆེས་ཟབ་པ་ནི་ཁུལ་ཡོངས་ཀྱི‘གནོད་མེད་ལྔའི་ཀན་ལྷོ’འཛུགས་སྐྲུན་དང་ཁོར་ཡུག་གཙང་སྦྲ་སྒྲིག་བཅོས་ཆེན་མོ་དེ་གཉིས་རེད། བྱ་བ་འདི་ཞིང་སྡེ་དང་གྲོང་རྡལ། རྫོང་བཅས་ཀྱི་ལས་རིགས་སོ་སོའི་མི་རྣམས་ཀྱི་སེམས་སུ་ཟབ་མོར་ཟུག་ཡོད་ལ། ཕན་འབྲས་ཀྱང་ཐོན་ཡོད་པས་མང་ཚོགས་ཀྱི་དོ་ཁུར་དང་རྒྱབ་སྐྱོར་ཐོབ་ཡོད། ཤང་གྲོང་གི་གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ངས་རྫོང་དང་གྲོང་ཁྱེར་སོ་སོའི་སྔོན་ཐོན་ཉམས་མྱོང་དང་བྱ་ཐབས། ལྷག་པར་དུ་ཞིང་སྡེ་དར་རྒྱས་དང་། ཐོན་ལས་འཕེལ་རྒྱས། རིག་གནས་ཡུལ་སྐོར། གཞི་རིམ་གྱི་ཏང་འཛུགས་སྐྱོང་སོགས་ཐད་ཀྱི་སྔོན་ཐོན་ཉམས་མྱོང་དང་བྱ་ཐབས་དཔྱད་གཞིར་བཟུང་ནས་ཐོབ་ཡོད་པའི་ཤེས་བྱ་དག་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གཞི་རིམ་གྱི་བྱ་བའི་ཕྱོགས་སོ་སོར་དོན་འཁྱོལ་བྱས་ནས་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བཤད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།