中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ཁྲག་ཤེད་མཐོ་བའི་མིའི་འཛེམ་བྱ་ལྔ།
དུས་ཚོད།2016-07-29 17:06:59     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།    ཆུང་། | འབྲིང་། | ཆེ།
1.ཁ་སྦུབ་ཏུ་ལོག་ནས་དཔེ་ཆ་དང་བརྙན་འཕྲིན་ལྟ་བར་འཛེམ་དགོས།
      ཁ་སྦུབ་ཏུ་ལོག་ནས་བསྡད་ན་གསུས་ཁོག་མནན་ཏེ་དབུགས་གཏོང་ལེན་བྱེད་དཀའ་བས། དབུགས་མི་འདང་བ་དང་ཁྲག་རྩའི་སྣོན་ཤུགས་ཇེ་མཐོར་སོང་སྟེ། ཀླད་པའི་ཁྲག་རྩར་གནོད་སྐྱོན་འབྱུང་སྲིད།
2.ཁོང་ཁྲོ་ལངས་པ་དང་སེམས་འཚབ་པར་འཛེམ་དགོས།
      སེམས་ཤུགས་ལ་འགྱུར་ལྡོག་བྱུང་བ་ལས་ལུས་ཡོངས་ཀྱི་འཕར་རྩ་ཆུང་ངུ་རྒྱུན་ཆད་མེད་པར་སྐུམ་འཐེན་དང་རེངས་འཁུམ་བྱས་ན་ཁྲག་ཤེད་ཇེ་མཐོར་འགྲོ་སྲིད།
3.ཤུགས་འདོན་དྲགས་པ་དང་ལུས་རྩལ་ཚད་ལས་བརྒལ་བ། ཐལ་དྲགས་པའི་ངལ་དུབ་བྱེད་པར་འཛེམ་དགོས།
  དེའི་རྐྱེན་ལས་བྱུང་བའི་སྙིང་གི་ཁུར་བོ་ཇེ་ལྗིད་དུ་སོང་བ་ཡིས་ཁྲག་ཤེད་ཇེ་མཐོར་འགྲོ་བ་ཡིན་པས་སྲོག་ཉེན་འབྱུང་སྲིད།
4.གོན་པ་མཁྲེགས་པོ་གྱོན་པ་དང་སྒྲོག་གུ་དམ་པོ་སྒྲོག་པར་འཛེམ་དགོས།
  དུས་ཚོད་ཡུན་རིང་བོར་མཇིང་རྩ་དང་སྡོད་རྩ་མནན་ན། ཀླད་པའི་ཁྲལ་རྩའི་ཁྲག་འདོན་སྤྲོད་མི་འདང་བ་དང་དབུགས་མི་འདང་བ་བྱུང་ན། དོན་རྐྱེན་གཞན་འབྱུང་སྲིད།
5.དབྱངས་རྟ་མགྱོགས་པ་དང་དྲག་པོའི་རོལ་མོ་ཡུན་རིང་ཉན་རྒྱུ་འཛེམ་དགོས།
  སྒྲ་གདངས་དྲག་པོའི་རོལ་མོས་རྣ་ནང་གི་དབང་རྩ་སྣེ་མོ་ལ་ཉེན་ཁ་བཟོས་ནས།ཁྲལ་ཤེད་གློ་བུར་དུ་ཇེ་མཐོར་སོང་སྟེ་ཀླད་པའི་ཁྲག་རྩར་གནོད་སྐྱོན་ཐེབས་སྲིད།།
རྩོམ་སྒྲིག་པ།  མཁའ་བྱམས་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།