མིག་སྔར་ཕག་ལ་ནད་ཡམས་སྣ་ཚོགས་ཕོག་པའི་རྒྱུ་རྐྱེན་གཙོ་བོ་ནི་ཕག་མགྱོགས་མྱུར་ཕྱིར་འཚོང་བྱ་ཆེད་ཕག་ལ་གཟན་ཆས་ཚད་ལས་འདས་པ་སྟེར་གྱི་ཡོད། སྤྱིར་བཏང་བྱས་ན་ཕག་ལ་ག་ཚོད་བསྟེར་ནའང་བཟའ་ཡི་ཡོད། འོན་ཀྱང་ཕག་གིས་གཟན་ཆས་ཇི་ཙམ་མང་བ་ཟོས་པ་དེ་ཙམ་གྱིས་ཕག་ཆེ་བ་ཆགས་པའི་ངེས་པ་མེད། འོན་ཀྱང་བསྙལ་ཁྲིའི་སྟེང་དུ་ཕག་ལ་གསོ་ཚགས་བྱས་ན་ཕག་གཟན་ཆས་རྒྱགས་ཚད་སྟེར་མི་དགོས་པར 80%ཙམ་བསྟེར་ན་འགྲིག གཟན་ཆས་བེད་སྤྱོད་བྱེད་ཚད 20%ཟིན་ཆོག ལྷག་པར་དུ་ཕྱིར་འབུད་བྱས་པའི་བཙོག་པ་རྣམས་བསྙལ་ཟིན་པའི་རང་སའི་སྐྱེ་དངོས་ཕྲ་རབ་ཀྱིས་ཁག་དབྱེ་ན་སྤྲི་དཀར་རྫས་ཀྱི་གཟན་ཆས་ལ་འགྱུར་གྱི་ཡོད། སྤྱིར་བཏང་གི་དོམ་གསོས་བརྒྱབ་པའི་ཕག་དང་བསྡུར་ན་གཟན་ཆས 20%གྲོན་ཆུང་ཐུབ་ཀྱི་ཡོད། གཟན་ཆས་སྟེར་ཚད་དེ་རྒྱུན་གཏན་གྱི་ཚད་གཞིའི 80%ནང་ཚོད་འཛིན་བྱ་དགོས། དེ་ཡང་ཞོགས་པ་ཆུ་ཚོད་བདུན་དང་ཕྱེད་ཀ་དང་། ཉིན་གུང་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་དང་། དགོང་དྲོ་ཆུ་ཚོད་ལྔ་བར་སྟེར་དགོས། དགུན་ཁ་བསླེབས་སྐབས། ཉིན་རེར་ལྟོ་ཐེངས་གཉིས་སྟེར་བ་དང་། ཞོགས་པ་ཆུ་ཚོད་བརྒྱད་དང་ཕྱེད་ཀ་དང་། ཕྱི་དྲོ། ཆུ་ཚོད་གསུམ་པར་སྟེར་དགོས། གུ་ཡངས་པའི་ཕག་ཚང་ནང་ཕག་རྣམས་གང་དགར་འགུལ་བསྐྱོད་བྱས་ནས་ལུས་པོར་སྦྱོང་བརྡར་བྱས་ཆོག ཕག་གི་གཟན་ཆས་བཟའ་ས་དང་ཆུ་འཐུང་ཡོ་བྱད་རྣམས་ཁ་ཕྲལ་ནས་ཁ་སྤྲོད་དུ་འཇོག།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|