中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། འོ་མ་འཐུང་སྐབས་འདི་དག་མཉམ་དུ་ཟ་མི་རུང་།
དུས་ཚོད།2022-04-15 10:43:03     རྩོམ་གྱི་ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།     ཆུང་། | འབྲིང་། | ཆེ།
  འོ་མས་མིའི་གཟུགས་པོར་ཞེ་དྲག་ཕན་གྱི་ཡོད་པ་མི་མང་པོས་མཁྱེན་གྱི་ཡོད།  ཡིན་ནའང་། གལ་སྲིད་འོ་མ་འཐུང་སྐབས་ཟས་རིགས་འདི་དག་བཟས་པ་ན། ཕན་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ། གཟུགས་པོར་གནོད་ཀྱི་ཡོད། བྱས་ཙང་། ང་ཚོས་འོ་མ་འཐུང་དུས་འདི་དག་ལ་ཡིད་གཟབ་གནང་དགོས།
\
  1. འོ་མ་བཏུངས་པའི་སྔ་རྗེས་ཀྱི་ཆུ་ཚོད་གཅིག་གི་ནང་ཚུན་དུ་ཚ་ལུ་མ་ཟ་རྒྱུ་མེད། གལ་ཏེ་བཟས་པ་ཡིན་ན། འོ་མ་དང་ཚ་ལུ་མ་བསྡོམས་ནས་ཕོ་བས་འཇུ་དཀའ་བས་གྲོད་པ་བཤལ་བ་སོགས་ཡོང་སྲིད།
\
   2. འོ་མ་བཏུངས་རྗེས་ལམ་སེང་ཤིང་ཏོག་གི་ཁུ་བ་མཆོད་རྒྱུ་མེད། གང་ཡིན་ཟེར་ན། ཤིང་ཏོག་གི་ཁུ་བས་འོ་མ་འཇུ་དཀའ་རུ་གཏོང་གི་ཡོད་པས། ཕོ་བར་ཞོར་སྐྱོན་བཟོ་ཡི་ཡོད།
\
    3. འོ་མ་སོས་པ་སྐོལ་སྐབས་ལམ་སེང་མངར་ཆ་རྒྱག་རྒྱུ་མེད། ཡག་ཤོས་བྱུང་ན་འོ་མ་བསྐོལ་ནས་དུས་ཚོད་གང་མཚམས་སོང་རྗེས་གཞི་ནས་མངར་ཆ་བརྒྱབ་ན་འཚམ་པོ་ཡོད།
    ཞོར་དུ་ཞུ་རྒྱུར།   མི་ཁ་ཤས་ཞོགས་པ་ཕོ་བ་སྟོང་པར་འོ་མ་འཐུང་རྒྱུར་དགའ་པོ་ཡོད།  ཁོང་ཚོས་འདི་ལྟར་བྱས་ན། གཟུགས་པོར་ཕན་པ་ཆེ་སྙམ་མོད། དོན་དུ་འོ་མ་འཐུང་སྟངས་འདི་ཚན་རིག་དང་མཐུན་པ་ཞིག་མ་རེད།  བྱས་ཙང་། ཞོགས་ཟས་བཟས་རྗེས་ཀྱི་ཆུ་ཚོད་གཅིག་ནས་གཉིས་ཀྱི་ནང་ཚུན་དུ་འཐུང་དགོས་སོ།།

 
རྩོམ་སྒྲིག་པ། བཀྲ་ཤིས་གཡང་མཚོ།
    

 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།