ད“3+1”གི་བཟའ་ཐབས་ཀྱིས་ནད་འགོག་ནུས་ཤུགས་ཇེ་མཐོར་གཏོང་བ།
དར་མ་དང་རྒན་པ་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཟས་རིགས་ལ་བརྟེན་ནས་ནད་འགོག་ནུས་ཤུགས་ཇེ་མཐོར་ཇི་ལྟར་གཏོང་དགོས་སམ་ཞེ་ན།
ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་ལྟེ་གནས་སྨན་ཁང་འཚོ་བཅུད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཐེན་ཅུན་མའེ་ཡིས་གྲོས་གཞི་བཏོན་ཡོད་པ་སྟེ། “3+1”གི་བཟའ་ཐབས་ཀྱིས་ནད་འགོག་ནུས་ཤུགས་ཇེ་མཐོར་གཏོང་ཐུབ་པ་དང་། “3”ཞེས་པ་ནི་བཟའ་བཏུང་ལ་རོལ་སྟངས་གསུམ་དུ་གོ་དགོས་པ་དང་། བྱེ་བྲག་གི་བྱེད་ཐབས་གཤམ་གསལ་ལྟར།
1.འབྲུ་རྩིང་དང་འབྲུ་རིགས་དཀྱུས་མ་མཉམ་དུ་སྡེབ་དགོས། གཙོ་ཟས་ཀྱི་ནང་དུ་འབྲུ་རྩིང་དང་འབྲུ་རིགས་དཀྱུས་མ་བསྡེབས་ནས་བཟའ་དགོས་པ་སྟེ། དཔེར་ན་གཙོ་ཟས་སུ་འབྲུ་རྩིང་ཟ་བ་དང་། ཕྱེ་ཐུག་འཐུང་རྒྱུར་དགའ་ན་མ་རྨོས་ལོ་ཏོག་གི་ཐུག་པ་དང་ཡང་ན་ནས་ཐུག་འཐུང་བ་ལྟ་བུའོ།།
2.སྤྲི་དཀར་འདང་ཚོད་ཟ་དགོས། དར་མ་དང་རྒན་པ་རྣམས་ཀྱིས་དགུན་ཁར་ཉིན་རེར་ཤ་སྣག་དང་ཡང་ན་ཉ་ཤ་སོགས་ཀྱི་ཆུ་ཐོན་ཟས་རིགས་སྲང 2ནས 3བཟའ་དགོས།
3.སྔོ་ཚལ་མང་བོ་ཟ་དགོས། འདི་རུ་བཤད་པའི་སྔོ་ཚལ་ཀྱི་ནང་དུ་ཞོག་ཁོག་དང་ཞོག་རྒོད(山药)སོགས་ཀྱི་བསིང་ཕྱེ་འདུས་ཚད་མཐོ་བའི་ཟས་རིགས་མི་འདུས། རྒྱུ་མཚན་ནི་དེ་དག་གཙོ་ཟས་སུ་འཚམ་པས། སྔོ་ཚལ་གྱི་ནང་དུ་མི་ཐེའོ།། འདི་རུ་བཤད་ཀྱིན་པའི་སྔོ་ཚལ་ཞེས་པ་ནི་ལོ་མ་སྔོན་པོ་ཅན་གྱི་ཚོད་མ་ལ་གོ་ཞིང་། དར་མ་དང་རྒན་པ་རྣམས་ཀྱིས་ཉིན་རེར་མ་མཐའ་ཡང་སྔོ་ཚལ་རྒྱ་མ་གང་རེ་བཟའ་དགོས།
“1”ཅེས་པ་ནི་ཟས་རིགས་ཟ་བའི་གོ་རིམ་ལ་གོ་བ་སྟེ། ཐོག་མར་ཆུ་དང་ཡང་ན་སྣུམ་མེད་པའི་ཁུ་བ་འཐུང་བ་དང་། དེ་ནས་སྔོ་ཚལ་དང་ཤ་རིགས་ཟ་བ། དེ་ནས་ད་གཟོད་གཙོ་ཟས་ཟ་དགོས་པ་རེད། གོ་རིམ་འདི་ལྟར་ཟས་རིགས་ཟ་ན། ཟ་མ་ཟོས་རྗེས་ཁྲག་ཧྭགས་ཇེ་མཐོར་མི་འགྲོ་བར་ཕན་ལ། ནད་འགོག་ནུས་ཤུགས་ཇེ་མཐོར་འགྲོ་བར་ཡང་ཕན་པ་ཡོད།
ཐེན་ཅུན་མའེ་ཡིས་བཤད་རྒྱུར། དལ་གཤིས་ནད་རིགས་བྱུང་ཡོད་པའི་མི་ཁ་ཤས་ཤིག་གིས། བཟའ་བཏུང་ལ་དོ་སྣང་བྱེད་དྲགས་པས། ནོར་འཁྲུལ་གྱི་བཟའ་བཏུང་ཟ་སྲོལ་ཆགས་ཡོད་པ་གཤམ་གསལ་ལྟར།
1.འདི་བཟའ་མི་རུང་བ་དང་གན་བཟའ་མི་རུང་བར་བཤད་པ།
ཐེན་ཅུན་མའེ་ཡིས་བཤད་རྒྱུར། གཅིན་སྙི་ཟ་ཁུའི་ནད་དང་སྙིང་གི་ཁྲག་རྩའི་ནད་ཕོག་ན་ཅི་ཡང་ཟ་མི་རུང་བ་ཞིག་མིན་ཏེ། མི་དར་མ་དང་རྒན་པ་རྣམས་ཀྱིས་ཉིན་རེར་ཤ་ཉུང་ཙམ་རེ་ཟ་དགོས་པ་དང་། ཉིན་རེའི་བཟའ་བཏུང་གི་ནང་དུ་ཚོད་མ་དང་ཤའི་འདུས་ཚད་ཕལ་ཆེར 1:3དང་ཡང་ན 1:4ཡིན་ན་ཆོག
རྩོམ་སྒྲིག་པ། བཀྲ་ཤིས་གཡང་མཚོ།
|