中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ལོ་3མན་གྱི་བྱིས་པར་འགོག་སྲུང་ཇི་ལྟར་བྱ་དགོས།
དུས་ཚོད།2022-04-22 14:46:57     རྩོམ་གྱི་ཡོང་ཁུངས། མི་དམངས་དྲ་བ།     ཆུང་། | འབྲིང་། | ཆེ།
     མིག་སྔར་ལོ་3མན་གྱི་བྱིས་པར་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་མེད་པས། རིམས་འགོག་གི་སྟོང་ཆ་དེར་དམིགས་ནས་འགོག་སྲུང་ཡག་པོ་ཇི་ལྟར་བྱེད་དགོས་སམ། གཙོ་གནད་འདི་དག་ལ་ཁྱིམ་བདག་ཚོས་ངེས་པར་དུ་དོ་སྣང་བྱ་དགོས།      ཁྱིམ་བདག་དང་ལྟ་སྲུང་བའམ་ལྟ་སྐྱོང་མཁན་བཅས་ཀྱིས་ལོ་ན་ཆུང་བའི་བྱིས་པར་ལྟ་སྐྱོང་བྱེད་སྐབས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་། མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་ལ་དོ་སྣང་བྱ་དགོས། རྒྱུན་ལྡན་གྱི་བདེ་ཐང་ལ་ལྟ་ཞིབ་ལེགས་པོ་བྱེད་པ། ཁ་ཐུམ་རྒྱག་པ། ལག་པ་གཙང་མར་བཀྲུ་བ། མི་དང་མིའི་བར་ཐག་རྒྱུན་འཁྱོངས་བྱེད་པ། བྱིས་པར་ཁ་གཏད་ནས་རྣ་སྦྲིད་རྒྱག་པ་དང་གློ་ལུ་རྒྱག་པ་སོགས་བྱེད་མི་རུང་།
     ཕྲུ་གུ་དང་བྱིས་པའི་རྒྱུན་ལྡན་གྱི་འཚོ་བའི་མཁོ་ཆས་ལོགས་སུ་བེད་སྤྱོད་བྱ་དགོས། ཁྱིམ་བདག་དང་ལྟ་སྲུང་བའམ་ལྟ་སྐྱོང་མཁན་བཅས་ཀྱིས་བྱིས་པ་གཉོར་སྐྱོང་བྱེད་སྐབས་འཕྲོད་བསྟེན་གྱི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་དགོས། དེའི་ཁྲོད་ལག་པ་བཀྲུ་བ་དང་། གང་སར་མི་རེག་པ། མཛུབ་མོ་ཁ་ནང་དུ་མི་འཇུག་པ། སྣ་ཁུང་མི་སྔོག་པ། མིག་མི་འཕུར་བ་སོགས་འདུ། 
     ཕྲུ་གུ་དང་བྱིས་པའི་ཁྱིམ་བདག་དང་། ལྟ་སྲུང་བའམ་ལྟ་སྐྱོང་མཁན། མཉམ་དུ་སྡོད་མཁན། དེ་མིན་ཕྲུ་གུ་དང་བྱིས་པར་ཞབས་འདེགས་ཞུ་མཁན་བཅས་ཀྱི་ལས་སྒྲུབ་མི་སྣས་རིམས་འགོག་སྨན་ཁབ་བརྒྱག་དགོས་ཤིང་། དེ་ལྟར་བྱས་ན་རང་ཉིད་ལ་སྲུང་སྐྱོབ་བྱས་ཡོད་པས་མི་ཚད་ཕྲུ་གུ་ལ་ཡང་སྲུང་སྐྱོབ་བྱས་ཡོད་པ་རེད། 
 ཕྲུ་གུ་དང་བྱིས་པར་དབུགས་ལམ་གྱི་ནད་ཕོག་པའི་དུས་སུ་གང་ནུས་ཀྱིས་ཕྱི་ལ་འགྲོ་བ་ཇེ་ཉུང་དུ་གཏོང་དགོས། གལ་ཏེ་ཕྱི་ལ་འགྲོ་དགོས་ཚེ་ངེས་པར་དུ་ཁ་ཐུམ་བརྒྱག་དགོས། 
    འདུ་ཚོགས་ཉུང་དུ་གཏོང་དགོས། མི་སྒེར་གྱི་འགྲོ་འདུག་ཇེ་ཉུང་དུ་བཏང་ནས་མི་ཚོགས་མང་པའི་སྤྱི་བའི་འདུ་གནས་དང་། ཁང་མིག་དོག་པོ་སོགས་ལ་འགྲོ་རྒྱུ་གཡོལ་ཅི་ཐུབ་བྱས་ཏེ་རིམས་ནད་འགོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས། བྱིས་པར་སྨན་ཁང་དུ་སྨན་པར་སྟོན་པའམ་ཡང་ན་རིམས་འགོག་སྨན་ཁབ་རྒྱག་པའི་སྐབས་སུ། གང་ཐུབ་ཅི་ཐུབ་ཀྱིས་གནས་དེ་དག་ནས་སྡོད་པའི་དུས་ཡུན་ཇེ་ཐུང་དུ་གཏོང་དགོས་པ་དང་། ཁྱིམ་དུ་ལོག་རྗེས་དེ་མ་ཉིད་དུ་ལག་པ་གཙང་མར་བཀྲུ་དགོས། 
     ཕྱི་རོལ་དུ་མ་སོང་གོང་ཁྱིམ་བདག་དང་ལྟ་སྲུང་བའམ་ལྟ་སྐྱོང་པས་ལུགས་མཐུན་ངང་འགྲོ་སྐྱོད་འཆར་འགོད་བྱས་ནས། མི་ཉུང་ལ་རླུང་རྒྱུ་བདེ་བའི་ས་ཆ་བདམས་ནས་རྩེ་རུ་འཇུག་དགོས། ཕྱི་ལ་འགྲོ་སྐབས་བྱིས་པས་ཐད་ཀར་སྤྱི་སྤྱོད་དངོས་པོའི་ཕྱི་ངོས་ལ་ལག་པས་རེག་ཏུ་མི་འཇུག་པར་ཕྱིར་ཐོན་རྗེས་དུས་ཐོག་ཏུ་ལག་པ་བཀྲུ་དགོས། 
    ཁྱིམ་བདག་དང་ལྟ་སྲུང་བའམ་ལྟ་སྐྱོང་མཁན་བཅས་ཀྱིས་བྱིས་པར་མིག་གི་འཕྲོད་བསྟེན་ལ་དོ་སྣང་བྱ་དགོས་པའི་ཁྲིད་སྟོན་བྱས་ཏེ། རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་ལེགས་པོ་བྱ་དགོས། ཚན་རིག་གི་འགུལ་སྐྱོད་འོས་འཚམ་བྱེད་པ་དང་། འཚོ་བཅུད་དོ་མཉམ་པ། ངལ་གསོ་བཀོད་སྒྲིག་ལེགས་པོ་བཅས་བྱས་ཏེ། ལུས་ཕུང་གི་ནད་འགོག་ནུས་པ་མཐོར་འདེགས་སུ་གཏོང་དགོས། 
     ཁྱིམ་བདག་དང་ལྟ་སྲུང་བའམ་ལྟ་སྐྱོང་མཁན། དེ་མིན་ཕྲུ་གུ་དང་བྱིས་པར་ཞབས་ཞུ་བྱེད་མཁན་ལ་ཚ་རྒྱག་པ་དང་། སྐམ་ལུ་བྱེད་པ། མིད་པ་ན་བ་སོགས་ཀྱི་ནད་རྟགས་འབྱུང་སྐབས། གང་ཐུབ་ཀྱིས་བྱིས་པ་དང་ཐད་ཀར་རེག་མི་ཐུབ་པ་བྱ་དགོས། 
     བྱིས་པའི་ཁང་པ་གཙང་མ་རྒྱུན་འཁྱོངས་སྒོས་དུས་དང་བསྟུན་ནས་སྒོ་དང་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་གསར་བ་རྒྱུ་བར་ཁག་ཐེག་བྱ་དགོས། དྲོད་སྙོམས་འཕྲུལ་ཆས་ཁ་ཕྱེ་ཡོད་པའི་ཁང་བའི་ནང་དུ་དུས་ཡུན་རིང་བོར་འདུག་པར་འཛེམ་དགོས། 
     རིམས་ནད་ཁྱབ་པའི་དུས་སུ། ཁྱིམ་བདག་དང་ལྟ་སྲུང་བའམ་ལྟ་སྐྱོང་མཁན་དང་དེ་མིན་ཕྲུ་གུ་དང་བྱིས་པར་ཞབས་ཞུ་བྱེད་མཁན་གྱིས་ས་གནས་དེ་གའི་བེད་སྤྱོད་བྱེད་པའི་རིམས་འགོག་གི་བླང་བྱར་གཞོགས་འདེགས་བྱ་དགོས། 
རྩོམ་སྒྲིག་པ། བཀྲ་ཤིས་གཡང་མཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།