中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > ཚན་རྩལ་ཤེས་བྱ། >
༄༅།། ཕྱུགས་ལ་ཚ་གདུག་ནད་ཕོག་པ་བཅོས་ཐབས།
དུས་ཚོད།2022-04-27 19:18:06     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    1.ཚ་གདུག་ཆེ་བའི་དབྱར་དུས་སུ་ཕྱུགས་ལ་ཞོགས་པར་ལས་ཀ་སྐུལ་བ་དང་ཉིན་གུང་ངལ་གསོ་རྒྱག་དགོས་ཤིང་། ལས་ཀ་སྐུལ་སྐབས་ངལ་གསོ་མང་ཙམ་རྒྱག་པ་དང་ཆུ་མང་ཙམ་སྟེར་དགོས། ཕྱུགས་ར་རྒྱ་ཆེ་ལ་རླུང་འགྲོ་རྒྱུག་པོ་དགོས་པ་དང་ཕྱུགས་དབོར་འདྲེན་བྱ་སྐབས་འཚང་ཁ་མི་རྒྱག་པ་མ་ཟད་ཕྱུགས་ཀྱི་ལུས་པོ་རྟག་ཏུ་འཁྲུད་དགོས།
    2.ནད་ཕྱུགས་རླུང་འགྲོ་རྒྱུག་པའི་ས་ཆ་བསིལ་པོར་མགོ་བོའི་འོག་ཏུ་འཁྱགས་པ་བླུག་པའི་ཁུག་མ་འཇོག་པ་དང་ལུས་པོའི་ཐོག་ཆུ་གྲང་མོ་གཏོར་ཞིང་ཆུས་རྒྱུ་མ་འཁྲུད་པ་དང་འཐུང་ཆུ་ཡང་སེ་སྟེར་དགོས། སྨན་རྫས་ཀྱིས་དྲོད་ཚད་གཅོག་སྐབས 2.5%ཡི་ལུའུ་བིང་ཆིན་གྱི་གཤེར་ཁུ་ཧའོ་ཧྲེང 10-20ཤ་གནད་ལ་ཁབ་རྒྱག་པའམ་ཡང་ན་སྐྱེ་ཁམས་ཚྭ་ཆུའི་ནང་བསྲེས་ཏེ་སྡོད་རྩར་རྒྱག་དགོས། ལུས་པོའི་དྲོད་ཚད་ཧྲེ་ཧྲི་ཏུའུ 39ལ་མར་ཆག་རྗེས་དྲོད་ཚད་གཅོག་མཚམས་འཇོག་དགོས། སྙིང་དང་གློ་བའི་ནུས་པར་སྲུང་སྐྱོང་སྐབས་སྔོན་ལ་སྙིང་དྲག་བྱེད་རྫད་ཁབ་རྒྱག་པ་དང་མ་མཐུད་དེ་སྡོད་རྩ་ནས་ཁྲག་ཧའོ་ཧྲེང 1-21གློད་པ་དང་དེ་རྗེས་ཧྥུ་ཧྥང་ལུའུ་ཧཱ་ནཱའམ་སྐྱེ་ཁམས་ཚྭ་ཆུ་ཧའོ་ཧྲེང 2-31ཁབ་རྒྱག་དགོས། སྐྱུར་དུག་ཕོག་སྐབས་སྡོད་རྩར 5%ཡི་ཐཱན་སྐྱུར་ཆིང་ནཱའི་གཤེར་ཁུ་ཧའོ་ཧྲེང 500-1000རྒྱག་དགོས་པ་དང་མགོ་བོའི་ནང་གི་གནོན་ཤུགས་གཅོག་སྐབས་སྡོད་རྩར 20%ཡི་ཀན་ལུའུ་ཁྲུན་ནམ 25%ཡི་ཧྲན་ལི་ཁྲུན་ཧའོ་ཧྲེང 500-1000ཁབ་རྒྱག་དགོས། ཡང་ན་སྡོད་རྩར 50%ཡི་རྒུན་འབྲུམ་མངར་ཆའི་གཤེར་ཁུ་ཧའོ་ཧྲེང 300-500ཁབ་རྒྱག་དགོས། ནད་ཕྱུགས་མི་བདེ་བའི་སྐབས་སྡོད་རྩར་ཨན་ཤིའུ་སྨན་གཤེར་ཧའོ་ཧྲེང 100ཁབ་རྒྱག་པའམ་དེ་མིན་ལྷོད་འཇགས་སྨན་སྟེར་དགོས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།